དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • འཛམ་གླིང་ཆུའི་ཉིན་མོར“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཁུལ་དུ་སྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-24

    གཙང་གསུམ་ཆུ་འགོ་ནི་མཚོ་བོད་ས་མཐོའི་ལྟེ་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས་ཤིང་། དེ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོའི་ཁུལ་ཡིན་པས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཅེས་བརྗོད་ཀྱི་ཡོད། དེ་ནི་རང་རྒྱལ་གྱི་ཚྭ་མེད་ཆུའི་ཐོན་ཁུངས་གཙོ་བོའི་ཁུལ་ཡིན་པ་དང་། ལོ་ལྟར་ཆུ་བོའི་སྨད་རྒྱུད་ལ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་600ལྷག་ཙམ་གྱི་ཆུ་གཙང་མ་མཁོ་འདོན་བྱེད་པ་མ་ཟད་ཉེ་བའི་ལོ་ཤས་རིང་མང་དུ་འགྲོ་ཚུལ་མངོན་ཡོད།

    མཚོ་སྔོན་གྱིས་གཙང་གསུམ་ཆུ་འགོ་སྲུང་སྐྱོང་བྱ་རྒྱུ་དེ་མཚོ་སྔོན་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་བཙུགས་པ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་བསྐྲུན་ནས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ནམ་ཡང་དྭངས་གཙང་དུ་གནས་ཏེ་དྭངས་གཙང་ཆུ་མོ་རྒྱུན་མཐུད་ཤར་ཕྱོགས་སུ་རྒྱུག་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད།

    40107de4-b450-4d7f-af4b-2e7089336260.jpg.jpg

    འདི་ནི་2021ལོའི་ཟླ་5ཚེས་25ཉིན་པར་དུ་བླངས་པའི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་འགོའི་ཁུལ་གྱི་མཚོ་སྔོ་རེངས་ཡིན་པ།

    c1fdf19b-2e7b-4c94-9bfe-3021253c41e9.jpg.jpg

    འདི་ནི་2021ལོའི་ཟླ་7ཚེས་23ཉིན་པར་དུ་བླངས་པའི་འབྲི་ཆུའི་ལྷོ་འགོའི་དྭངས་ཆུ་ཡིན་པ།

    3e506c2f-5583-4bfb-836f-5cf07a3b5eaf.jpg.jpg

    འདི་ནི་2021ལོའི་ཟླ་7ཚེས་23ཉིན་པར་དུ་བླངས་པའི་འབྲི་ཆུའི་ཆུ་འགོའི་ཁྲ་འདམ་འདམ་ར་ཡིན་པ།

    3e4791ba-c61d-444c-afdb-ff95d54e2629.jpg.jpg

    འདི་ནི་2022ལོའི་ཟླ་3ཚེས་20ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ནང་ཆེན་རྫོང་ཁོངས་ནས་པར་དུ་བླངས་པའི་རྫ་ཆུའི་ཆུ་འགོའི་བཀྲ་ཆུ་ཡིན་པ།

    f5061343-a2a8-4f02-b3fe-ce166e22ecee.jpg.jpg

    འདི་ནི་2021ལོའི་ཟླ་7ཚེས་27ཉིན་པར་དུ་བླངས་པའི་འབྲི་ཆུའི་བྱང་འགོ་ཆུ་དམར་གྱི་ཟུར་ཞིག་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།