གྲི་གུ་མཚོ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་ཁོངས་སུ་ཡོད་པ་དང་། མཚོ་ངོས་ཀྱི་རྒྱ་ཁྱོན་སྤྱི་ལེ་70ཙམ་ཟིན་པ་དང་མཚོའི་གཏིང་ཚད་ལ་ཧ་ལམ་སྨི་20ཙམ་ཡོད། གྲི་གུ་མཚོའི་ཆུ་ཁུངས་ཀྱིས་རྩྭ་ཐང་སྐྱེ་འཚར་ལེགས་པོ་བྱུང་སྟེ། རི་སྐྱེས་སྲོག་ཆགས་དང་འབྲི་གཡག་སོགས་དེ་གའི་རང་བྱུང་འབྲོག་རར་ཞི་མཐུན་མཉམ་གནས་ངང་རྩྭ་ཆུར་རོལ་བཞིན་ཡོད།

འདི་ནི་གྲི་གུ་རྩྭ་ཐང་སྟེང་གི་མཆུ་དཀར་རྐྱང་ཡིན་པ།

འདི་ནི་གྲི་གུ་མཚོ་འགྲམ་དུ་རྩྭ་ཆུར་ཅི་དགར་རོལ་བཞིན་པའི་རི་སྐྱེས་སྲོག་ཆགས་ཡིན་པ།

འདི་ནི་ཟླ་དགུན་དུས་ཀྱི་གྲི་གུ་མཚོ་ཡིན་པ།