ཧྥ་རན་སེས་པེ་ན་ནིར་རིག་དངོས་26ཕྱིར་སྤྲོད་བྱ་རྒྱུ་ཡིན་པ།
འདི་ནི་ཟླ་10ཚེས་28ཉིན་ཧྥ་རན་སེའི་ཕ་རི་སིར་ཡོད་པའི་ཁའེ་པུའུ་ལང་ལི་དངོས་མང་རྟེན་རྫས་བཤམས་མཛོད་ཁང་ནས་པར་དུ་བླངས་པའི་པེ་ནི་ནར་ཕྱིར་སྤྲོད་བྱ་རྒྱུའི་རིག་དངོས་ཡིན་པ།
ཧྥ་རན་སེ་ཕ་རི་སིའི་སེ་ནཱ་ཧོ་གཙང་པོའི་འགྲམ་དུ་གནས་པའི་ཁའེ་པུའུ་ལང་ལི་དངོས་མང་རྟེན་རྫས་བཤམས་མཛོད་ཁང་གིས་ཟླ་10ཚེས་26ནས་31ཉིན་བར་པེ་ན་ནིར་ཕྱིར་སྤྲོད་བྱེད་རྒྱུའི་རིག་དངོས་26གི་དམིགས་བསལ་འགྲེམས་སྟོན་ཞིག་གཉེར་ཞིང་། རིག་དངོས་26དེ་དག་ནི་ཧྥ་རན་སེའི་དམག་མིས་1892ལོར་པེ་ན་ནི་སྤྱི་མཐུན་རྒྱལ་ཁབ་ཀྱི་དེ་སྔའི་ཏ་ཧོ་མའེ་རྒྱལ་ལྡན་རྒྱལ་ཁབ་ནས་བཙན་འཕྲོག་བྱས་པ་ཞིག་རེད། པེ་ནི་ན་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་སྔོན་ནས་ཧྥ་རན་སེ་ཕྱོགས་ལ་གོང་གསལ་གྱི་རིག་དངོས་26ཚུད་པའི་བཙན་འཕྲོག་རིག་དངོས་5000ལྷག་ཙམ་ཕྱིར་སྤྲོད་དགོས་པའི་འབོད་སྐུལ་བྱས་མོད། ཡིན་ནའང་ཧྥ་རན་སེ་ཕྱོགས་ཀྱིས་སྔོན་མ་བཅའ་ཁྲིམས་ནང་དངོས་མང་རྟེན་རྫས་བཤམས་མཛོད་ཁང་གི་ཉར་ཚགས་དངོས་པོ“རྦད་དེ་ཁ་འབྲལ་རྒྱུ”གཏན་འགོག་གི་གཏན་འབེབས་བྱས་ཡོད་པར་བསྙད་ནས་ཁས་བླངས་མེད། 2017ལོར་མ་ཁེ་ལུང་བདམས་ཐོན་བྱུང་རྗེས་རིང་པོ་མི་འགོར་བར་ཨ་ཧྥེ་རི་ཁ་གླིང་གི་རིག་དངོས་ཕྱིར་སྤྲོད་བྱ་རྒྱུར་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་ཡིན་པའི་རྣམ་འགྱུར་བསྟན་པ་དང་། ཧྥ་རན་སེའི་རྒྱལ་དམངས་གྲོས་ཚོགས་ཀྱིས་ན་ནིང་པེ་ནི་ན་སྤྱི་མཐུན་རྒྱལ་སོགས་ནུབ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རིག་དངོས་ཁག་གཅིག་ཕྱིར་སྤྲོད་བྱ་རྒྱུའི་ཁྲིམས་གཞིར་གྲོས་འཆམ་བྱུང་ཡོད།