འདི་ནི“ཐོབ་པར་དཀའ་བའི་འཕུར་སྐྱོད་ཀྱི་གོ་སྐབས”ཀྱི་ཕ་མ་བུ་ཕྲུག་གི་ཉམས་ལེན་སློབ་ཁྲིད་ནང་ཞུགས་མཁན་གྱི་བྱིས་པ་ཆུང་ཆུང་ཞིག་གིས་ཧྭ་ཤ་མཁའ་འགྲུལ་ཚན་རིག་ཁྱབ་གདལ་སྒར་སའི་4Dའཕུར་སྐྱོད་དཔེ་དབྱིབས་གནམ་གྲུར་གནམ་གྲུ་གཏོང་བའི་ལག་རྩལ་ཉམས་ལེན་བྱེད་བཞིན་པ།
ཉེ་ཆར་ཧྭ་ཤ་མཁའ་འགྲུལ་ཚན་རིག་ཁྱབ་གདལ་སྒར་སའི“ཐོབ་པར་དཀའ་བའི་འཕུར་སྐྱོད་ཀྱི་གོ་སྐབས”ཀྱི་ཕ་མ་བུ་ཕྲུག་གི་ཉམས་ལེན་སློབ་ཁྲིད་ཁྲུང་ཆིང་དུ་དངོས་སུ་འགོ་ཚུགས། ཧྭ་ཤ་མཁའ་འགྲུལ་ཚན་རིག་ཁྱབ་གདལ་སྒར་སའི་ཆེད་ལས་སློབ་ཁྲིད་པའི་མཛུབ་ཁྲིད་འོག ཁྱིམ་ཚང་30ལྷག་ཙམ་གྱིས་མཁའ་འགྲུལ་ཤེས་བྱ་སློབ་སྦྱོང་དང་། གནམ་གྲུའི་དཔེ་དབྱིབས་བཟོ་བ། དཔེ་དབྱིབས་གནམ་གྲུ་གཏོང་སྟངས་ཉམས་ལེན་སོགས་ཀྱི་ཕ་མ་བུ་ཕྲུག་གི་ཉམས་ལེན་བྱེད་སྒོའི་ནང་ཞུགས་པས། ཕྲུ་གུ་ཚོའི་གུང་གསེང་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། ཁྱིམ་བདག་དང་ཕྲུ་གུ་ཚོའི་མཁའ་འགྲུལ་ཡོ་ཆས་ཀྱི་བདེ་འཇགས་སྒྲིག་ཆས་དང་མཁའ་འགྲུལ་གྱི་འགན་སྲུང་མ་ལག་གི་ངོས་འཛིན་ཟབ་ཏུ་ཕྱིན་ཡོད།