ཉེ་ཆར། སི་ཕེན་གྱི་རྒྱལ་ས་མ་ཏེ་རིའི་ཕུར་མདོ་ལམ་ཆེན་དང་ལི་ཁྲེ་སྤྱི་གླིང་གི་རིག་གནས་མཛེས་ལྗོངས་འཛམ་གླིང་ཤུལ་བཞག་ཏུ་འཇུག་པའི་ཆོག་མཆན་ཐོབ་པ་དང་། རིག་གནས་མཛེས་ལྗོངས་དེ་གྲོང་ཁྱེར་མ་ཏེ་རིའི་ལྟེ་བར་གནས་ཤིང་། རྒྱ་ཁྱོན་ལ་སྤྱི་ཆིང་200ཡོད། སི་ཕེན་རྣམ་པའི་ལྗོན་གྲིབ་ལམ་ཆེན་གྱི་རྣམ་པའི་ངོས་ནས། ཕུར་མདོ་ལམ་ཆེན་དུས་རབས་16པར་བསྐྲུན་པ་དང་ས་གཞི་ཆེན་པོའི་ལྷ་མོའི་ཆུ་མིག་གྱེན་འཕྱུར་གྱིས་མཚོན་བྱེད་དུ་བྱས་པའི་ཆུ་མིག་ཆེ་གྲས་མང་པོ་ཡོད། རྒྱ་ཁྱོན་སྤྱི་ཆིང་120ཡོད་པའི་ལི་ཁྲེ་མེ་ཏོག་ལྡུམ་ར་ནི་དུས་རབས་17པར་བསྐྲུན་པའི་པུའུ་ཨེན·ལི་ཁྲེ་ཕོ་བྲང་གི་རྗེས་ཤུལ་ཡིན་ཞིང་། དེར་དུས་རབས་19པ་ནས་ད་བར་གྱི་སྐྱེད་ཚལ་གྱི་ཉམས་འགྱུར་སྣ་ཚོགས་མངོན་ཡོད། རིག་གནས་མཛེས་ལྗོངས་ཤུལ་བཞག་ཁུལ་དུ་ད་དུང་སྣ་མང་ཕུན་སུམ་ཚོགས་པའི་ཁང་པ་སྣ་ཚོགས་ཡོད།
འདི་ནི་ཕུར་མདོ་ལམ་ཆེན་དུ་གནས་པའི་ས་གཞི་ཆེན་པོའི་ལྷ་མོའི་ཆུ་མིག་གྱེན་འཕྱུར(ལོ་ལེགས་ལྷ་མོའི་ཆུ་མིག་གྱེན་འཕྱུར་ཡང་བརྗོད་པ)ཡིན་པ།