
འདི་ནི་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་མི་རྣམས་ཀྱིས་གཟབ་མཆོར་ལེགས་པར་སྤྲས་ནས་ཞབས་བྲོའི་འདུ་ཚོགས་ལ་ཞུགས་བཞིན་པ།
ཉེ་ཆར་རྒྱལ་ས་མོ་སི་ཁོའི་ཧྲེང་ལི་རྟེན་རྫས་བཤམས་མཛོད་ཁང་དུ་དཔྱིད་དུས་ཀྱི་ཞབས་བྲོའི་འདུ་ཚོགས་གཉེར་བ་དང་། མི་200ལྷག་ཙམ་གྱིས་གཟབ་མཆོར་ལེགས་པར་སྤྲས་ནས་མཉམ་འཛོམས་བྱས། 2020ལོར་ཏོག་གསར་རིམས་ནད་ཀྱིས་རྐྱེན་པས་ཞབས་བྲོའི་འདུ་ཚོགས་གཉེར་མཚམས་བཞག་པ་དང་། མིག་སྔར་མོ་སི་ཁོ་ཡིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་གཅིག་ལེགས་སྒྲིག་བྱས་པར་བརྟེན་ཞབས་བྲོའི་འདུ་ཚོགས་དེ་སླར་ཡང་གཉེར་འགོ་ཚུགས་པ་རེད།