མིང་ལ་Cira3ཞེས་པའི་འཕྲུལ་མི་དེ་ཨེ་ཅིབ་ཀྱི་བཟོ་བཀོད་པ་མ་ཧ་མའོ་ཏེ·ཁོ་སྨིས་གསར་སྤེལ་བྱས་པ་དང་དེར་ཚ་བ་ལྟ་བ་དང་ཏོག་དབྱིབས་ནད་དུག་གསར་པའི་འདུས་གྲུབ་སྨའེ་ཡི་ཚོར་སྣང(PCR)ལྟ་ཞིབ་ཚད་ལེན་སོགས་ཀྱི་ནུས་པ་ལྡན་པ་མ་ཟད། དེས་སྨན་དོན་མི་སྣར་ནད་དུག་བགོ་བའི་ཉེན་ཁ་ཆུང་དུ་བཏང་ཡོད། ཚེས་6ཉིན་གྱི་དགོང་མོ་ཨེ་ཅིབ་ཀྱི་འཕྲོད་བསྟེན་པུས་ཨེ་ཅིབ་ཀྱི་མངའ་ཁོངས་སུ་ཉིན་དེར་ཏོག་གསར་གློ་ཚད་ཀྱི་གཏན་འཁེལ་བྱུང་བའི་ནད་དཔེ་418མང་དུ་ཕྱིན་ནས་རིམ་རྩིས་བྱས་ན་གཏན་འཁེལ་བྱུང་བའི་ནད་དཔེ་118432ཡོད་པ་དང་ནད་པ་6771ཤི་བ་བསྟན་ཡོད། འདི་ནི་ཨེ་ཅིབ་ཀྱི་གྲོང་ཁྱེར་ཐན་ཐར་གྱི་སྨན་ཁང་ཞིག་ཏུ་མ་ཧ་མའོ་ཏེ·ཁོ་སྨིས་Cira03འཕྲུལ་མིའི་འཁྲིས་སུ་ལས་ཀ་བྱེད་བཞིན་པ།