དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • མེ་ཀུང་གཙང་པོའི་ངོགས་ཀྱི་ལང་པོ་ལ་མངའ་སྡེའི་གནའ་གྲོང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-04

    791596_yis_1606977607190_s.jpg

     

    འདི་ནི་ལང་པོ་ལ་མངའ་སྡེའི་གནའ་གྲོང་ནས་པར་བླངས་པའི་དགོན་སྡེ་ཡིན་པ།

    མེ་ཀུང་གཙང་པོའི་ངོགས་ཀྱི་ལོ་སིའི་བྱང་རྒྱུད་ཀྱི་རི་ཚོགས་ཀྱིས་སྐོར་བའི་ལང་པོ་ལ་མངའ་སྡེ་ནི་དུས་རབས་14པ་ནས་16པའི་བར་ལོ་སིའི་ལོ་རྒྱུས་ཐོག་གི་གཅིག་གྱུར་ཐེངས་དང་པོ་བྱུང་བའི་མི་རིགས་མང་བའི་རྒྱལ་ཁབ་སྟེ་ལན་ཚང་རྒྱལ་ལྡན་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་པ་རེད། ལང་པོ་ལ་མངའ་སྡེའི་གནའ་གྲོང་1995ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་རིག་གནས་ཤུལ་བཞག་ནང་བཅུག་པ་དང་ད་ཆ་ལོ་སིའི་ལོ་རྒྱུས་དང་རིག་གནས་ཀྱི་མཚོན་བྱེད་ཅིག་ཏུ་གྱུར་ཡོད། གྲོང་ཁྱེར་ནང་སྲོལ་རྒྱུན་གྱི་གསེར་འོད་ཆེམ་ཆེམ་དུ་འཕྲོ་བའི་ནང་བསྟན་གྱི་དགོན་སྡེ་ཡོད་ལ་ཧྥ་རན་སེས་མི་སེར་སྤེལ་བའི་དུས་སྐབས་སུ་བཞག་པའི་ཕྱི་ལུགས་ཀྱི་སྐྲུན་དངོས་ཀྱང་ཡོད། ལང་པོ་ལ་མངའ་སྡེར་བསྐྱོད་ཚེ་ལོ་སིའི་ལོ་རྒྱུས་ཁྲོད་སྐྱོད་པ་དང་གཅིག་པ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།