དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • བྱེ་ཐང་གི་རྣམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-12

    W020180821370608239332.jpg

    འདི་ནི་སྔོ་ལྗང་གིས་བརྒྱན་པའི་ཡུས་ལིན་གྲོང་ཁྱེར་ཡིན་པ།

    སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་4.22ཟིན་པའི་མའོ་ཝུའུ་སུའུ་བྱེ་ཐང་ནི་ཀྲུང་གོའི་བྱེ་ཐང་ཆེན་པོ་བཞིའི་གྲས་ཤིག་རེད་ལ། ཅིང་ཅིན་ས་ཁུལ་གྱི་བྱེ་རླུང་འབྱུང་རྩ་གཙོ་བོ་དེའང་རེད། བྱང་གསུམ་འགོག་སྲུང་ནགས་ཚལ་འདུ་འགོད་དང་། རྒྱལ་ཡོངས་རང་བཞིན་གྱི་རྨོ་བསྐྱུར་ནགས་བཟོ་དང་རྩྭ་གསོའི་འདུ་འགོད། ཧྲའན་ཤིས་ཞིང་ཆེན་གྱིས་སྤེལ་བའི་རང་བྱུང་ནགས་ཚལ་སྲུང་སྐྱོང་འདུ་འགོད་དང་ཕྱོགས་ཡོངས་ནས་བྱེ་བཅོས་བྱ་སྤྱོད་སྤེལ་བ་བཅས་ལས་མའོ་ཝུའུ་སུའུ་ཡི་སྣོད་བཅུད་ཁོར་ཡུག་ལེགས་སུ་ཕྱིན་ནས་བྱེ་ཐང་ལྷོ་སྣེའི་ཧྲའན་ཤིས་ཡུས་གླིང་གྲོང་ཁྱེར་འདི་དེ་སྔ“བྱེ་རླུང་ལྡང་སྐབས་མི་ཕྱིར་འཐེན”བྱེད་པ་ནས་ད་ཆ“ལྗོན་ཤིང་བཙུགས་ནས་བྱེ་རླུང་འཇགས་པའི”བར་གྱི་འགྱུར་ལྡོག་ཕྱིན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།