“‘ཨ་མའི་བཟོ་སྐྲུན’རྣམ་གྲངས་བརྒྱུད་ས་ཁུལ་དབུལ་པོའི་བུད་མེད་ཚོས་ཕྲུ་གུར་ལྟ་ཞོར་དུ་འཚེམ་དྲུབ་བརྒྱབ་སྟེ་དངུལ་བསགས་པས་རང་ཁ་རང་གསོའི་འཚོ་བ་ཞིག་སྐྱེལ་ཐུབ་ཡོད”ཀྲུང་གོའི་བུད་མེད་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་ལས་རོགས་དྲུང་ཆེ་ནན་ཅིང་གིས་དེ་ལྟར་ངོ་སྤྲོད་བྱས།
“ཨ་མའི་བཟོ་སྐྲུན”གྱི་སྤྱི་ཕན་རྣམ་གྲངས་ནི་ཀྲུང་གོའི་བུད་མེད་ཐེབས་རྩ་ལྷན་ཚོགས་ཀྱིས་པེ་ཅིང་གྲོག་མའི་སྟོབས་ཤུགས་དང་མཉམ་འབྲེལ་གྱིས་2016ལོར་གཉེར་ཞིང་། ཀྲུང་ཧྭའི་སྲོལ་རྒྱུན་གྱི་མངོན་མིན་རིག་གནས་ཤུལ་བཞག་ལག་རྩལ་ལ་དབྱེ་ཞིབ་ཀྱིས་ཇུས་འགོད་པ་དང་མཉམ་འབྲེལ་ཐོག་ཤར་ཕྱོགས་རིག་གནས་ཀྱི་ཁྱད་ཆོས་ལྡན་ལ། རྒྱལ་སྤྱི་ཅན་གྱི་མཛེས་དཔྱོད་དང་མཐུན་པའི་རིག་གནས་བསམ་བཀོད་ཐོན་རྫས་གསར་གཏོད་བྱས་རྗེས་ཐོན་སྐྱེད་ལག་རྩལ་ཡོད་ཅིང་ཡོང་འབབ་ཉུང་བའི་བུད་མེད་ལ་བཟོ་རྒྱུར་སྤྲད་ནས་བུད་མེད་དེ་དག་ལ་ངལ་རྩོལ་ཐོབ་ཆ་ཡོད་པ་དང་འཚོ་བ་ལེགས་སུ་འགྲོ་ཐུབ་པའི་རེ་བ་བཅངས་པས། ཚང་སྟོང་རྒན་རྒོན་དང་གཞིས་ལུས་བྱིས་པའི་གནད་དོན་ཐག་གཅོད་གང་ལ་གང་འཚམ་བྱུང་ཡོད།
རྣམ་གྲངས་དེ་ལག་ལེན་བསྟར་བ་ནས་ད་བར་ལོ་གསུམ་ཙམ་སོང་རིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་13དུ“ཨ་མའི་བཟོ་སྐྲུན”མཉམ་ལས་ཁང་46བཙུགས་ནས་མི་4000ལྷག་ཙམ་གྱི་ལས་གཏོད་དང་ལས་ཞུགས་ལ་ཐད་ཀར་རོགས་སྐྱོར་བྱས་པ་དང་། ཡུལ་དེའི་ཡོང་འབབ་ཉུང་བའི་བུད་མེད་ཚོ་ཁྱིམ་དུ་བསྡད་ནས་ལས་ཞུགས་དང་ཡོང་འབབ་མང་དུ་འགྲོ་བར་སྐུལ་འདེད་བཏང་ཡོད། རྣམ་གྲངས་ཀྱིས“ཨ་མའི་བཟོ་སྐྲུན”ལས་སྟེགས་ཀྱི་གཉེར་སྐྱོང་བརྒྱུད་ན་གཞོན་སྔར་ལས་མང་བས་སྲོལ་རྒྱུན་གྱི་ལག་ཤེས་ལ་དོ་ཁུར་བྱེད་པའི་ཡིད་དབང་བཀུག་པ་དང་། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། དེ་དང་ཆབས་ཅིག་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་དང་དེང་རབས་དང་དེང་སྐབས་ཀྱི་སྒྱུ་རྩལ་ཟུང་འབྲེལ་གྱི་བྱེད་སྟངས་འཚོལ་ཞིབ་བྱས་པས། སྤྱི་དམངས་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་ཡོད།

འདི་ནི་ཀུའེ་ཀྲོའུ་ཡི་འཚེམ་དྲུབ་མ་ཝང་པང་གཡུས(གཡས)ཀྱིས་པེ་ཅིང་གི་དར་བཟོའི་གྱོན་ཆས་འགྲེམས་སྟོན་གཟའ་འཁོར་ཐོག་འཚེམ་དྲུབ་བརྒྱབ་པའི་གྱོན་ཆས་ལ་ལྟ་བཞིན་པ།

འདི་ནི་མེའོ་རིགས་ཀྱི་ལག་ཤེས་པ་ཞིག་གིས་ཀུའེ་ཀྲོའུ་ཐའེ་ཅང་དུ་ལག་བཟོས་དངུལ་གྱི་རྣ་ལོང་སྟོན་བཞིན་པ།

འདི་ནི་མེའོ་རིགས་ཀྱི་ལག་ཤེས་པས་ཀུའེ་ཀྲོའུ་ཐའེ་ཅང་མེའོ་རིགས་ཀྱི་ལག་ཤེས་མཉམ་ལས་ཁང་གི་དབུལ་སྐྱོར་བཟོ་ཁང་དུ་འཚེམ་དྲུབ་རྒྱག་བཞིན་པ།