2018ལོའི་ཟླ་12པའི་ཟླ་མཇུག་ཏུ། ཀོང་ཀྲོའུ་ཁྲང་ལུང་གི་འཛམ་གླིང་ཐོག་སྡེབ་གཅིག་ལ་དོམ་ཕྲུག་གསུམ་སྐྱེས་ཐེངས་དང་པོ་ཡིན་པའི་དོམ་ཁྲ“མོང་མོང”ཀྲུང་གོའི་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཨོ་ལུང་ཧྲེན་ཧྲུའུ་ཕིང་རྟེན་གཞིར་སྦྱོར་སྡེབ་བྱེད་པར་བསྐྱལ་ཡོད།
ཀྲུང་གོའི་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཨོ་ལུང་ཧྲེན་ཧྲུའུ་ཕིང་རྟེན་གཞིའི་ས་བབ་མཐོ་ཚད་སྨི་1700ལྷག་ཙམ་ཟིན་པ་དང་། དེ་གར་གནམ་གཤིས་བསིལ་བས་དོམ་ཁྲ་རྒྱུད་སྤེལ་ལ་ཧ་ཅང་འཚམ་པ་མ་ཟད། ད་དུང་དོམ་ཁྲ་རྒྱུད་སྤེལ་ལ་ཕན་ཐོགས་ཆེན་པོ་ཡོད་ཅིང་། འདི་ནི“མོང་མོང”གིས་སྨྱུག་མར་རྩེད་མོ་རྩེ་བཞིན་པ།