
2016ལོར་ནང་སོག་གིས“བཤས་ཕྱུགས་ཁྲི་བརྒྱ”ཡི་རྒྱུད་བཟང་འདུ་འགོད་སྤེལ་འགོ་བཙུགས་ནས་རྒྱལ་ཡོངས་ཀྱི་ནོར་ལུག་རྒྱུད་བཟང་ལས་རིགས་རྟེན་གཞི་ཆེ་ཤོས་བསྐྲུན་ཏེ། ལོ་རེར་ལུག་ཐུག་ཁྲི་20མཁོ་འདོན་བྱེད་པའི་ཐོན་སྐྱེད་ནུས་པ་ལྡན་པ་དང་ཆབས་ཅིག་ན་ནིང་ནང་སོག་ཏུ་ལོ་12བསྟུད་མར་ཕྱུགས་རིགས་ལག་ཡོད་མགོ་གྲངས་དུང་ཕྱུར་1ལས་བརྒལ་ནས་དུང་ཕྱུར་1.36ཟིན་པ་དང་། པེ་ཅིང་དང་ཐེན་ཅིང་དུ་སྤུས་ལེགས་ཚགས་ཤ་དང་ལུག་ཤ་ཕྱེད་ཀ་ལྷག་ཙམ་ནང་སོག་ནས་ཐོན་ཞིང་། འདི་ནི་ནང་སོག་ཀུའུ་སུའུ་ཉི་ཐེ་ཙུའོ་ཆིར་གཉེར་བའི“སུའུ་ཉི་ཐེ་ཝུའུ་ལེན་དབྱི་ཏེའི”རིག་གནས་དུས་ཆེན་ཐོག་ནང་སོག་གི་མང་ཚོགས་ཀྱིས་ལུག་ཤ་གཏུབ་པའི་གནས་ཚུལ་ཡིན་པ།