ཟམ་པའི་གྲངས་འབོར་མང་ཤོས།
གཞུང་ལམ་གྱི་ཟམ་པའི་བསྡོམས་འབོར་ཁྲི་80ཙམ་ཡོད་པ།
ལྕགས་ལམ་གྱི་ཟམ་པའི་བསྡོམས་འབོར་ཁྲི་20ལྷག་ཙམ་ཡོད་པ།
ཟམ་པའི་བར་ཐག་རིང་ཤོས།
ལྕགས་ཀྱི་གཞུ་དབྱིབས་ཟམ་པའི་གྲས་ཀྱི་ཁྲུང་ཆིང་ཁྲའོ་ཐན་མོན་ཟམ་ཆེན་གྱི་བར་ཐག་ལ་སྨི་552ཡོད་པ།
ཟམ་པའི་གྲས་ཀྱི་ཧྲི་པན་ཕོ་འབྲི་ཆུའི་ཧྥུའུ་ཤན་ཟམ་ཆེན་གྱི་བར་ཐག་ལ་སྨི་330ཡོད་པ།
ལྕོག་རྟེན་འདྲེང་ཟམ་གྲས་ཀྱི་སུའུ་ཐུང་འབྲི་ཆུའི་ཟམ་ཆེན་གྱི་བར་ཐག་ལ་སྨི་1088ཡོད་པ།
འཕྱངས་ཟམ་གྲས་ཀྱི་ཤིས་ཧོའུ་མོན་ཟམ་ཆེན་གྱི་བར་ཐག་ལ་སྨི་1650ཟིན་པ།
འཛམ་གླིང་རྒྱ་མཚོ་འཕྲེད་བཅད་བཏང་བའི་ཟམ་ཆེན་རིང་ཤོས།
ཅའོ་ཀྲོའུ་མཚོ་ཁུག་གི་རྒྱ་མཚོ་འཕྲེད་བཅད་བཏང་བའི་ཟམ་ཆེན་གྱི་རིང་ཚད་ལ་སྤྱི་ལེ་36.48ཡོད་པ།
འཛམ་གླིང་ཐོག་སྐྲུན་བཞིན་པའི་རྒྱ་མཚོ་འཕྲེད་བཅད་བཏང་བའི་ཟམ་ཆེན་རིང་ཤོས།
གང་ཀྲུའུ་ཨའོ་ཟམ་ཆེན་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་55ཡོད།
སྔོན་དཔག་ལྟར་ན་2017ལོའི་ལོ་མཇུག་ཏུ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་རེ་ཡོད་པ།
འཛམ་གླིང་ཐོག་བར་ཐག་རིང་ཤོས་ཀྱི་གཞུང་ལམ་ དང་ལྕགས་ལམ་གོ་ཉིས་ཆོད་ཀྱི་ཟམ་ཆེན།
ཧུའུ་ཐུང་འབྲི་ཆུའི་ཟམ་ཆེན་གྱི་བར་ཐག་ལ་སྨི་1092ཡོད།
སྔོན་དཔག་ལྟར་ན་2019ལོར་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་རེ་ཡོད་པ།
འཛམ་གླིང་ཐོག་མྱུར་བགྲོད་ལྕགས་ལམ་གྱི་ཟམ་པ་རིང་ཤོས།
ཏན་ཁུན་དམིགས་བསལ་ཟམ་ཆེན་གྱི་རིང་ཚད་ལ་སྤྱི་ལེ་164.85ཡོད་པ།
འཛམ་གླིང་ཐོག་བར་ཐག་རིང་ཤོས་ཀྱི་གཞུ་དབྱིབས་ཟམ་ཆེན་ཆེ་ཤོས།
ཁྲའོ་ཐན་མོན་འབྲི་ཆུའི་ཟམ་ཆེན་གྱི་བར་ཐག་ལ་སྨི་552ཡོད་པ།
འཛམ་གླིང་ཐོག་མིང་དོན་མཚུངས་པའི་གཞུང་ལམ་དང་ལྕགས་ལམ་ཉིས་ཆོད་ཀྱི་རྒྱ་མཚོ་འཕྲེད་བཅད་བཏང་བའི་ཟམ་ཆེན་ཐོག་མ།
ཕིང་ཐན་མཚོ་འགག་གི་གཞུང་ལམ་དང་ལྕགས་ལམ་ཉིས་ཆོད་ཟམ་པའི་ཁྱོན་ཡོངས་ཀྱི་རིང་ཚད་ལ་སྤྱི་ལེ་16ཡོད།
སྔོན་དཔག་ལྟར་ན་2019ལོར་བསྐྲུན་ཟིན་ནས་རླངས་འཁོར་དང་མེ་འཁོར་ཤར་གཏོང་ཐུབ་རེ་ཡོད་པ།
འཛམ་གླིང་ཐོག་འཕྱངས་ཟམ་མཐོ་ཤོས།
སི་ཏུའུ་གཙང་པོའི་ཟམ་ཆེན་གྱི་ཟམ་པའི་བར་ཐག་ལ་སྨི་900ཡོད་པ་དང་ཟམ་པ་ནས་གྲོག་རོང་མཐིལ་བར་སྨི་560ཡོད།
འཛམ་གླིང་ཐོག་ཟམ་སྐྲུན་ཁེ་ལས་ཡག་ཤོས།
ཀྲུང་གོ་ལྕགས་ལམ་ཟམ་སྐྲུན་ཅུས།
ཀྲུང་གོ་ལྕགས་ལམ་ཟམ་སྐྲུན་ཅུས་ལ“ཀྲུང་གོའི་ཟམ་སྐྲུན་བྱེད་མང་ཤོས་ཀྱི་ཁེ་ལས”ཞེས་གྲགས་པ་དང་རྒྱལ་ཁབ་ཕྱི་ནང་དུ་ད་བར་སྤྱིའི་རིང་ཚད་སྤྱི་ལེ་2000ལྷག་ཙམ་ཡོད་པའི་ཟམ་ཆེན་2000ལྷག་ཙམ་བསྐྲུན་ཡོད།