ཚེས་12ཉིན། དབྱིན་ཇིའི་སུའུ་ཀེ་ལན་སྲིད་གཞུང་གི་རིག་གནས་དང་། ཡུལ་སྐོར། ཕྱི་ཕྱོགས་ལས་དོན་བཅས་ཀྱི་བློན་ཆེན་ཧྥེ་ཨའོ་ན·ཤིས་སི་ལོ་ཕུའུ་ཡིས་ཨའེ་ཏིང་པའོ་སྒྱུ་རྩལ་དུས་ཆེན་ལ་ཀྲུང་གོའི་སྒྱུ་རྩལ་མཁས་ཅན་དང་འཁྲབ་སྟོན་པས་ངོ་མཚར་བཏོད་དེ་རིག་གནས་སྤེལ་རེས་དང་ས་གནས་དེ་གའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་ཅེས་བཤད། འདི་ལོའི་ཨའེ་ཏིང་པའོ་ཁ་ཚར་སྒྱུ་རྩལ་དུས་ཆེན་ཟླ་8ཚེས་5ནས་29ཉིན་བར་གཉེར་རྒྱུ་ཡིན་ཞིང་། འདི་ནི་དབྱིན་ཇིའི་སུའུ་ཀེ་ལན་གྱི་ལྟེ་བའི་གྲོང་ཁྱེར་ཨའེ་ཏིང་པའོ་རུ་ཧྲང་ཧའེ་རོལ་དབྱངས་སློབ་གླིང་ཚོད་ལྟ་སློབ་གྲྭའི་སློབ་མས་ཨའེ་ཏིང་པའོ་ཁ་ཚར་སྒྱུ་རྩལ་དུས་ཆེན་ལ་ཆེད་སྟོན་རོལ་དབྱངས་འདུ་འཛོམས་འཚོག་པའི་གནས་ཚུལ་ཡིན་པ།