དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་པ་ཀི་སེ་ཐན་གྱི་ཁུའེ་ཏ་རུ་ཐོན་པའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཐད་གསར་འགོད་པས་བཏོན་པའི་དྲི་བར་ལན་སྐྱོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-10

    སྤྱི་ཚེས་༩ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས། པ་ཀི་སེ་ཐན་ཁུའེ་ཏ་རུ་ཐོན་པའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཐད་གསར་འགོད་པས་བཏོན་པའི་དྲི་བར་ལན་སྐྱོན་ཡོད་པ་རེད། ཧྭ་ཁྲུན་ཡིང་གིས། ང་ཚོས་པ་ཀི་སེ་ཐན་གྱི་ཕི་ལུ་ཀྲེ་ཞིང་ཆེན་གྱི་ཁུའེ་ཏ་རུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཐོན་ནས། མི་སྣ་ཤི་རྨས་ཚབས་ཆེན་བཟོས་པར་ཧང་སངས་བ་དང་སྡུག་བསྔལ་ཆེན་པོ་བྱེད་ཀྱི་ཡོད་ལ། འཇབ་རྒོལ་དོན་རྐྱེན་ལ་ཁ་རྡུང་དྲག་པོ་གཏོང་གི་ཡོད། ཀྲུང་གོས་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུ་རྒྱུ་དང་། རྨས་སྐྱོན་ཕོགས་པའི་མི་སྣ་དང་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིར་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་དང་། ཁོང་གིས། ཀྲུང་གོས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། མུ་མཐུད་ནས་བློ་བརྟན་འགྱུར་མེད་ངང་པ་ཀི་སེ་ཐན་གྱིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བ་དང་། རྒྱལ་ཁབ་ཀྱི་བརྟན་ལྷིང་དང་མི་དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

    གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་༨པའི་ཚེས་༨ཉིན་གྱི་སྔ་དྲོ། པ་ཀི་སེ་ཐན་ཕི་ལུ་ཀྲེ་ཞིང་ཆེན་གྱི་ཁུའེ་ཏ་ཡི་སྨན་ཁང་ཞིག་ལ་འབར་གས་འཇབ་རྒོལ་ཕོགས་ཡོད་པ་དང་། ད་བར་མི་༧༠རྩམ་རྐྱེན་ལམ་དུ་བཏང་ཡོད་པ་དང་། མི་༡༡༠ལ་རྨས་སྐྱོན་བཟོས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།