དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • ཀྲུང་གོའི་བྱང་ཤར་སྟག་གསོ་སྤེལ་རྟེན་གཞི།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-24

    ཧེ་ལུང་ཅང་ཞིང་ཆེན་ཧའེ་ལིན་གྲོང་ཁྱེར་ཁོངས་སུ་ཡོད་པའི་ཧེ་ལུང་ཅང་ཞིང་ཆེན་ཧོང་ཏའོ་ཧོ་ཙེ་བྱང་ཤར་སྟག་གི་ནགས་གླིང་ནི་འཛམ་གླིང་ཐོག་གི་བྱང་ཤར་སྟག་གསོ་སྤེལ་རྟེན་གཞི་ཆེ་ཤོས་ཤིག་དང་ཀྲུང་གོ་ཧོང་ཏའོ་ཧོ་ཙེ་བྱི་ལའི་རིགས་ཀྱི་སྲོག་ཆགས་གསོ་སྤེལ་ལྟེ་གནས་ཀྱི་བྱང་ཤར་སྟག་གསོ་སྤེལ་བྱེད་གནས་ཀྱི་གྲས་ཤིག་རེད། ཀྲུང་གོའི་བྱང་ཤར་སྟག་གསོ་སྤེལ་བྱེད་གནས་ཤིག་ཡིན་པའི་ཧོང་ཏའོ་ཧོ་ཙེ་བྱང་ཤར་སྟག་གི་ནགས་གླིང་འདི་ཉིད་1986ལོར་སྟག་8ཐེངས་དང་པོ་གསོ་འགོ་ཚུགས་པ་ནས་ད་བར་རྒྱུད་ཆད་མེད་པར་འཕེལ་རྒྱས་བྱུང་ནས་སྟོབས་ཆེར་སོང་ཞིང་། ད་ཆ་རྟེན་གཞི་དེར་བྱང་ཤར་སྟག་400ཙམ་བར་འཕེལ་རྒྱས་བྱུང་བ་དང་། ལོ་ལྟར་སྟག་ཕྲུག་50ཙམ་སྐྱེ་གི་ཡོད་པ་རེད།

    303849_yis_1468992642034.jpg

     འདི་ནི་ཧེ་ལུང་ཅང་ཞིང་ཆེན་ཧོང་ཏའོ་ཧོ་ཙེ་བྱང་ཤར་སྟག་གི་ནགས་གླིང་གི་སྟག་གློད་ཁུལ་ནས་པར་བླངས་པའི་བྱང་ཤར་སྟག་ཡིན་པ།

    303848_yis_1468992640536.jpg

    འདི་ནི་ཧེ་ལུང་ཅང་ཞིང་ཆེན་ཧོང་ཏའོ་ཧོ་ཙེ་བྱང་ཤར་སྟག་གི་ནགས་གླིང་གི་སྟག་གློད་ཁུལ་དུ་བྱང་ཤར་སྟག་འགའ་ཞིག་གིས་བྱ་ཤ་ཧབ་ཐོབ་རྒྱག་པའི་གནས་ཚུལ་ཡིན་པ།

    303850_yis_1468992642704.jpg

     འདི་ནི་བྱང་ཤར་སྟག་གཅིག་གིས་རྒྱང་རིང་དུ་བལྟ་བའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།