ཡུན་ཀུའེ་ལྕགས་ལམ་ནི་རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་གི་ལྕགས་ལམ་དྲ་བའི་འཆར་འགོད་ནང་གི་ལྕགས་ལམ་གཙོ་བོ་ཡིན་ལ“ཡུན་ནན་ནས་ཞིང་ཆེན་བརྒྱད་དང་རྒྱལ་ཁབ་ལྔར་འགྲོ་སྐྱོད་ཀྱི”ལྕགས་ལམ་དྲ་བའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། དེའི་རིང་ཚད་ཧྲིལ་པོར་སྤྱི་ལེ་707.23ཟིན་པ་དང་། དེའི་ནང་ནས་ཡུན་ནན་ཞིང་ཆེན་གྱི་ས་ཁོངས་ནང་ཁུལ་ལ་སྤྱི་ལེ་436.56ཟིན་ཡོད། འཆར་འགོད་ལྟར་འདི་ལོའི་ཟླ་10པ་ནས་བཟུང་མཉམ་འབྲེལ་མཉམ་ཚོད་བྱས་ནས་ལོ་མཇུག་ཏུ་ཤར་གཏོང་ཐུབ་པའི་ཚད་གཞིར་སླེབས་པ་བྱ་རྒྱུ་རེད། མིག་སྔར། ཡུན་ཀུའེ་ལྕགས་ལམ་ཡུན་ནན་ལམ་དུམ་གྱི་ལམ་གཞི་དང་སྒྲོམ་གཞི་ཆ་ཚང་ལེགས་གྲུབ་ཟིན་ནས་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་དང་དུས་མཇུག་ཨར་ལས་བྱེད་པའི་དུས་མཚམས་སུ་སླེབས་ཡོད། ཡུན་ཀུའེ་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ཁུན་མིང་ནས་ནན་ཉིང་བར་གྱི་འཁོར་གཏོང་དུས་ཚོད་ད་ལྟའི་ཆུ་ཚོད་12ནས་ཆུ་ཚོད་5ཙམ་བར་ཐུང་དུ་འགྲོ་རྒྱུ་རེད། ཟམ་པའི་ལམ་ངོས་རིང་ཚད་སྨི་852.43དང་ཟམ་མིག་རིང་ཚད་སྨི་416ཟིན་པ་དང་། གཙང་ངོས་ནས་ཟམ་པའི་ལམ་ངོས་བར་མཐོ་ཚད་སྨི་270ཡོད། མིག་སྔར་ཟམ་ཆེན་གྱི་གཙོ་གཟུགས་ལས་གྲྭ་ལེགས་གྲུབ་ཟིན་ནས་ཟམ་ངོས་ཀྱི་ཞོར་གཏོགས་ལས་གྲྭ་སྤེལ་བའི་དུས་མཚམས་སུ་སླེབས་ཤིང་།
འདི་ནི་ཡུན་ཀུའེ་ལྕགས་ལམ་ནན་ཕན་གཙང་པོའི་ཟམ་ཆེན་གྱི་ཟུར་ཞིག་ཡིན་པ།