ཉེ་ཆར། གསར་འགོད་པ“དོམ་ཁྲའི་རྒན་གསོ་ཁང”ཞེས་འབོད་པའི་ཀྲུང་གོའི་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱི་ཏུའུ་ཅང་ཡན་རྟེན་གཞིར་བསྐྱོད་ནས། དེར་འཚོ་གནས་བྱས་པའི་ན་རྒས་དོམ་ཁྲར་བལྟས་པ་ཡིན། རྟེན་གཞི་དེས་གཙོ་བོ་དོམ་ཁྲའི་ནད་རིགས་སྔོན་འགོག་དང་རྒན་གསོའི་ལས་དོན་གྱི་འགན་ཁུར་བཞིན་ཡོད་པ་དང་། མིག་སྔར་དེ་རུ་ཁྱོན་བསྡོམས་ལོ་ན་20ཡན་གྱི་ན་རྒས་དོམ་ཁྲ་8ཡོད་ཅིང་། འདི་ནི་ཀྲུང་གོའི་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱི་ཏུའུ་ཅང་ཡན་རྟེན་གཞི་ནས་པར་བླངས་པའི་ན་རྒས་དོམ་ཁྲ“ཡིང་ཡིང”ཡིན་པ།