དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • ཧོ་ལན་རི་བོའི་དབྱར་དུས་ཀྱི་གནའ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-20

    གནའ་བ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་དང་རྒྱུད་པ་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་པའི་སྲོག་ཆགས་ཀྱི་རིགས་ཤིག་ཡིན་ལ་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཧོ་ལན་རི་བོའི་གཡང་གཟར་བྲག་རིའི་ཐོག་མཆོང་རྒྱུག་བྱེད་མཁན་སྲོག་ཆགས་ཤིག་ཀྱང་ཡིན། ཉིང་ཞ་ཧོ་ལན་རི་བོའི་རང་བྱུང་སྲུང་སྐྱོང་ཁུལ་ནི་གོ་ལ་ཧྲིལ་པོའི་གནའ་བ་ཁྱབ་མངཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་། 1983ལོར་བརྟག་དཔྱད་བྱས་པའི་གྲངས་གཞི་ལས་མངོན་གསལ། ཧོ་ལན་རི་བོའི་ཐོག་གི་གནའ་བ་1800ལས་ཟིན་གྱི་མེད་པ་དང་། 1988ལོར་ཧོ་ལན་རི་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནང་བཅུག་རྗེས་སྣོད་བཅུད་མ་ལག་རིམ་བཞིན་སླར་གསོ་བྱུང་ཡོད། མིག་སྔར། ཧོ་ལན་རི་བོའི་སྟེང་གནའ་བ་ཁྱབ་ཚད་དེ་སྤྱི་ལེ་ངོས་གྲུ་རེར་14ནས་17བར་ཟིན་ནས་ཁྱོན་གནའ་བ་ཁྲི་གཉིས་ཙམ་བར་མང་དུ་ཕྱིན་ཡོད།

    303297_yis_1468905123048.jpg

    འདི་ནི་ཉིང་ཞ་ཧོ་ལན་རི་བོའི་སུའུ་ཡུས་རི་ཟུར་དུ་གནའ་བ་གཅིག་གཡང་གཟར་ཐོག་ལངས་བསྡད་ཡོད་པ།

    303298_yis_1468905124124.jpg

    འདི་ནི་ཉིང་ཞ་ཧོ་ལན་རི་བོའི་སུའུ་ཡུས་རི་ཟུར་དུ་གནའ་བ་མ་བུ་གཉིས་གཡང་གཟར་བྲག་རིའི་ཁྲོད་ནས་རྒྱང་བལྟ་བྱེད་བཞིན་ཡོད་པ།

    303300_yis_1468905126230.jpg

    འདི་ནི་ཉིང་ཞ་ཧོ་ལན་རི་བོའི་སུའུ་ཡུས་རི་ཟུར་དུ་གནའ་བ་ཁྱུ་གཅིག་རྩྭ་བཟའ་བཞིན་ཡོད་པ།

    303299_yis_1468905125154.jpg

    འདི་ནི་ཧོ་ལན་རི་བོའི་དབྱར་དུས་ཀྱི་གནའ་བ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།