འཛམ་གླིང་གིས་བོད་ཤེས་རྟོགས་བྱ་རྒྱུར་སྨྱན་སྦྱོར་གྱིས་ཕན་ཐོགས་ཡོད་ཅེས་བཤད་པ།
ཀྲུང་གོའི་རྒྱལ་ཁབ་རིམ་པའི་སྨྱན་སྦྱོར་གྱི་གླ་པ་ཕྱི་རྒྱལ་བ་ཞིག་ཡིན་པའི་ངས་བོད་རང་སྐྱོང་ལྗོངས་སྐོར་གྱི་རྩོམ་ཡིག་མང་པོ་བཀླགས་མྱོང་། ཕྱི་རྒྱལ་གྱི་ཉམས་ཞིབ་པ་མང་པོ་ཞིག་གི་སེམས་ནང་བོད་ནི་ཡ་མཚན་ཞིག་ལ་འཛིན་ནའང་དྲན་པའི་ངོས་སུ་རབ་རིབ་ཙམ་ཡིན་ལ། ངེད་ཀྱི་ལྟ་སྟངས་ཀྱང་ཇི་འདྲ་ཞིག་ཡིན་པ་གསལ་པོ་མི་ཤེས། ས་ཁུལ་དེའི་བསམ་བློའི་འཁྱེར་སོ་དང་དེ་བཞིན་ཕྱི་རྒྱལ་གྱི་ཀློག་པ་པོས་སྨྱན་སྦྱོར་གཙོ་བོས་སྤེལ་བའི་གནས་ཚུལ་བརྒྱུད་བོད་དེ་ཉིད་འཕེལ་རྒྱས་མྱུར་བའི་ས་ཁུལ་ཞིག་ཡིན་པ་བརྗེད་ནས་ཀྲུང་གོའི་ཞིང་ཆེན་དང་། ས་ཁུལ། གྲོང་ཁྱེར་བཅས་མང་པོར་ཡང་གཅིག་མཚུངས་ཀྱི་དཀའ་རྙོག་འཕྲད་བཞིན་པ་བློའི་ཡུལ་དུ་འཁོར་དཀའ། ཉེ་ཆར་ལུའུ་ཐུའོ་ཧྲེ་གསར་འགྱུར་ཁང་གིས་བོད་ལ་གྲིབ་གཟུགས་དངུལ་ཁང་ཡོད་པའི་གནས་ཚུལ་སྤེལ་བ་ངའི་བསམ་པའི་ཡུལ་ལ་ཤོང་དཀའ་བ་བྱུང་ལ། བོད་འདི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་རིང་དུ་འདས་པའི་ཐག་རིང་ས་ཁུལ་ཞིག་མ་ཡིན་པར་དེ་ལས་ལྡོག་ཏེ་རྒྱལ་ཁབ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ཤུགས་རྐྱེན་མཐའ་དག་འོག་གནས་པས། བོད་འདི་ཀྲུང་ཧྭ་མི་རིགས་ལ་གལ་འགངས་ཆེ་བ་དང་རྒྱལ་ཁབ་ཧྲིལ་པོའི་འཕེལ་རྒྱས་ལ་གནད་འགག་ཤིན་ཏུ་ཆེན་པོར་གྱུར་པ་ཞིག་ཡིན་པ་ཤེས་བྱུང་།
མཚམས་རེ་ང་ཚོས་འཛམ་གླིང་ཡང་རྩེ་ནི་ཤིན་ཏུ་ཐག་རིང་པོ་ཞིག་ཡིན་པ་བློ་ལ་འཁོར་སྲིད། ཡིན་ནའང་ཉེ་ཆར་སྨྱན་སྦྱོར་གྱིས་གཏོང་སྤེལ་བྱས་པ་ལྟར་བོད་ནི་འཛམ་གླིང་ས་ཆ་གཞན་དག་དང་བསྡུར་ཚེ་ང་ཚོའི་བསམ་ཚོད་ལས་ཐག་ཉེ་བ་ཡོད། དྲ་སྦྲེལ་འཕེལ་རྒྱས་སོང་བ་དང་བོད་ཀྱི་འཕྲིན་གཏོང་ལས་རིགས་ཀྱིས་རྒྱལ་ཁབ་ཀྱི་འཕྲིན་གཏོང་གྲོན་དངུལ་གཅོག་པའི་བྱ་ཐབས་ལ་འབོད་སྐུལ་ཞུས་རྐྱེན། བོད་འདི་ཀྲུང་གོའི་ས་ཆ་གཞན་དག་དང་དྲ་སྦྲེལ་ཐོག་ནས་ཕན་ཚུན་འབྲེལ་མཐུད་བྱ་ཤུགས་ཆེ་རུ་ཕྱིན་ཏེ་རང་སྐྱོང་ལྗོངས་ཧྲིལ་པོར་དྲ་སྦྲེལ་ཁྱབ་ཚད་60%ཟིན་ཡོད། ཀྲུང་གོས་བསྡུར་ཚད་དེ་100%བར་སླེབས་པར་བྱེད་པའི་ནུས་པ་ལྡན།
ཀྲུང་གོའི་རྒྱལ་ནང་གི་སྨྱན་སྦྱོར་གྱིས་ཡངས་ཤིང་རྒྱ་ཆེ་བའི་འཛམ་གླིང་ལ་བོད་ཀྱི་ལས་ཀའི་གནས་ཚུལ་གཏོང་སྤེལ་བྱ་རྒྱུའི་འགན་ཁུར་ཡོད་པས་ལྷག་བསམ་ཟོལ་མེད་དང་ཁོག་ཡངས་སྒོ་ནས་འགན་འཁྲི་དེ་ལེགས་པར་བསྒྲུབ་དགོས། ཡིན་ནའང་བོད་ནི་དེང་རབས་ཀྲུང་གོའི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པའི་དོན་དངོས་ནན་བཤད་བྱ་རྒྱུར་མཐོང་ཆེན་བྱེད་དགོས། བོད་རང་སྐྱོང་ལྗོངས་ཀྱིས་སྨྱན་སྦྱོར་གྱི་གནས་ཚུལ་གཏོང་སྟངས་གསར་གཏོད་རྒྱུན་ཆད་མེད་པར་བྱེད་དོན་ནི་སྐྱེ་བོ་ཀུན་གྱིས“ཡ་མཚན་གྱི་གནས”འདིར་འཛིན་པའི་ལྟ་སྟངས་དུས་བསྟུན་ཡར་བརྩོན་ཡོང་བ་བྱ་ཆེད་ཡིན།
(སེ་ཐུའུར་ཐེ·ཝུའེ་ཅིང་། ཀྲུང་གོ་རྒྱལ་སྤྱིའི་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དབྱིན་སྐད་ལྟེ་གནས་ཀྱི་གསར་འགོད་པ)