དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • སྲོག་ཆགས་ཀྱི་ཚ་གདུག་སེལ་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-10

    ད་ནི་འཁྱགས་བག་བྱེ་རིལ་ཟ་བ་དང་། རླངས་ཆུ་འཐུང་བ། ཆུ་གྲང་མོར་གཟུགས་པོ་བཀྲུས་ནས་ཚ་གདུག་སེལ་དགོས་པའི་དབྱར་དུས་སླེབས་པས། སྲོག་ཆགས་གླིང་ཁའི་ནང་དུ་སྲོག་ཆགས་ཚོས་ཀྱང་ཚ་གདུག་མ་བཟོད་པར་ཐབས་སྣ་ཚོགས་སྤྱད་དེ་ཚ་གཡོལ་བྱེད་ཀྱི་ཡོད་པ།

    འདི་ནི་ཨོ་སི་ཁྲུ་ལི་ཡའི་ཞི་ཉིའི་ཐཱ་ལང་ཅཱ་སྲོག་ཆགས་གླིང་ཁའི་ནང་དུ་མོ་སེང་ཞིག་གིས་འོ་འཁྱགས་ལྡག་པའི་གནས་ཚུལ་ཡིན་པ།

    འདི་ནི་སྤྲ་མཇུག་ཐུང་ཁ་ཤས་ཀྱིས་རི་པིན་ཐོ་ཁེའི་ཧྲང་ཡེ་སྲོག་ཆགས་གླིང་ཁའི་ནང་དུ་འཁྱགས་པ་ཟ་བའི་གནས་ཚུལ་ཡིན་པ།

    འདི་ནི་འཇར་མན་ཧན་ནོ་ཝེའི་སྲོག་ཆགས་གླིང་ཁའི་ནང་དུ་སྤྲེའུ་མཇུག་རིང་ཞིག་གིས་འཁྱགས་པ་ཐེབས་པའི་ཤིང་ཏོག་ཟ་བའི་གནས་ཚུལ་ཡིན་པ།

    འདི་ནི་ཨོ་སི་ཁྲུ་ལི་ཡའི་ཞི་ཉིའི་ཐཱ་ལང་ཅཱ་སྲོག་ཆགས་གླིང་ཁའི་ནང་དུ་རྐྱང་གིས་འཁྱགས་པ་ཐེབས་པའི་གུང་ལ་ཕུག་ཟ་བའི་གནས་ཚུལ་ཡིན་པ།

    འདི་ནི་ཨི་ཟི་རེལ་ཐེ་ལཱ་ཝེ་ཧྥུའུ་ཉེ་འཁོར་གྱི་ལཱ་མ་ཐེ་ཀན་བདག་མེད་སྲོག་ ཆགས་གླིང་ཁའི་ནང་དུ་ནེའུ་ལེ་དག་གིས་འཁྱགས་པ་ཐེབས་པའི་ཤིང་ཏོག་ཟ་བའི་གནས་ཚུལ་ཡིན་པ།

    འདི་ནི་རི་པིན་ཐོ་ཁེའི་སྲོག་ཆགས་གླིང་ཁའི་ནང་དུ་གླིང་ཆེན་ཨ་ཧྥེ་རི་ཁའི་ངང་པ་རེ་འཆང་གིས་ཚ་གདུག་ཁྲོད་དུ་ཆུ་གྲང་ཟེགས་མར་ལོངས་སུ་སྤྱོད་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།