ཉེ་བའི་ལོ་ཤས་རིང་། ཅང་ཤིས་ཞིང་ཆེན་ཏེ་ཨན་རྫོང་གིས“ཁེ་ལས་+མཉམ་ལས་ཁང(རྟེན་གཞི)+དུད་ཚང་དབུལ་པོ”ཡི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་དེ་གནད་སྨིན་དབུལ་སྐྱོར་གྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ་ཐོན་ལས་འཇོན་ཐང་ཅན་དང་ཐོན་ལས་རྣམ་གྲངས་ཁག་གཅིག་བདམས་ནས་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་སྟངས་གཞིར་བཟུང“གྲོང་ཚོ་རེར་སྤུས་རྟགས་རེའི”ཁྱད་ལྡན་གཞི་ཁྱོན་གྱི་ཐོན་ལས་རྣམ་གྲངས་བཏོད་ཅིང་། འདི་ནི་ཅང་ཤིས་ཞིང་ཆེན་ཏེ་ཨན་རྫོང་ཝུའུ་ཧྲན་གྲོང་རྡལ་ལི་ལི་ཐའོ་གྲོང་ཚོའི་ཐོན་ལས་སྣེ་ཁྲིད་པ་ཝང་ཏུང་ཧྲེང(མདུན)སོགས་ཞིང་དུད་ཀྱིས་པད་མའི་མེ་ཏོག་རྟེན་གཞིར་པད་འབྲུ་འཐུ་བའི་གནས་ཚུལ་ཡིན་པ།