ཐའེ་དབན་ཤར་ཕྱོགས་ཀྱི་རྗིང་ཕྱིང་གྲོང་ཚོར་ལོ་གཅིག་དང་ལོ་ཕྱེད་ཙམ་སྡོད་སྐབས་རྩོམ་པ་པོ་ཅང་ཤུན་གྱིས་རང་བྱུང་དང་ཞིང་པ་རྣམས་དགེ་རྒན་དུ་བསྟེན་ཞིང་། ལོ་70ལ་སླེབས་ཉེར་ཡོད་པའི་རྩོམ་པ་པོས་ལག་ཏུ“རྗིང་ཕྱིའི་ཉིན་ཐོ”ཞེས་པའི་དེབ་གསར་པ་ཞིག་འཁྱེར་ཏེ་ཐའེ་ཏུང་དང་། ཐའེ་པེ། ཤིན་པེ་སོགས་སུ“རྗིང་ཕྱིའི་རྣམ་པ”མྱོང་རོལ་བྱེད་ཅིང་། རྗིང་ཕྱི་ནི་ཡིད་འོང་མཛེས་སྡུག་ལྡན་པའི་གནས་ཤིག་ཡིན་ལ་དེར་སྦགས་བཙོག་གང་ཡང་མེད་པའི་ས་ཞིང་ཡོད་ཅིང་། འདི་ནི་ཐའེ་ཏུང་གི་རྗིང་ཕྱི་ཤང་གི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཡིན་པ།