དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • ཆུ་སྐྱེས་པད་མ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-12

    289386_yis_1465279427075.jpg

    ཉེ་ཆར། ཀོང་ཤིས་ལིའུ་ཅང་རྫོང་པའེ་ཕེང་གྲོང་རྡལ་གྱི་པད་རྩ་ལོ་ཏོག་བསྡུ་བའི་དུས་ཚིགས་ཤར་བ་དང་། མུའུ་མང་པོ་ཡུག་གཅིག་ཏུ་འབྲེལ་བའི་པད་རྫིང་གི་མཛེས་སྡུག་ལྟ་བས་མི་ངོམ་པས་ཡུལ་སྐོར་བ་མང་པོ་དེ་གར་ཡུལ་སྐོར་དུ་ཡོང་རྒྱུའི་ཡིད་དབང་བཀུག་ཡོད། པའེ་ཕེང་གྲོང་རྡལ་ནི་ལིའུ་ཅང་རྫོང་གི་དུས་ཚིགས་གཉིས་ཀྱི་པད་རྩ་ཐོན་སྐྱེད་བྱེད་ཁུལ་གཙོ་བོ་ཡིན་པ་དང་ཐོན་སྐྱེད་བྱས་པའི་པད་རྩ་དེ་དག་གཙོ་བོ་ཨ་རི་དང་། ཁ་ན་ཏ། རི་པིན་བཅས་དང་དེ་བཞིན་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཀྱི་ཁྲོམ་རར་ཕྱིར་ཚོང་བྱེད་ཀྱི་ཡོད་ཅིང་། འདི་ནི་ཡུལ་སྐོར་བས་ཀོང་ཤིས་ལིའུ་ཅང་རྫོང་པའེ་ཕེང་གྲོང་རྡལ་ཧོའེ་ཧུང་གྲོང་ཚོའི་ཤར་ལུན་གྲོང་སྡེར་ཆུ་སྐྱེས་པད་མར་བལྟ་བའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།