ཡུན་ནན་ཞིང་ཆེན་ཧུད་ཙེ་རྫོང་ཟམ་ཆེན་ཤང་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུར་དོ་སྣང་བྱས་སྟབས། དབྱར་ཟླ་ར་བར་ཞིང་ཁའི་ནང་མེ་ཏོག་ཁྲ་ཆིལ་ཆིལ་དུ་བཞད་པ་དང་། རི་ཀླུང་ཀུན་རིན་ཆེན་གཡུ་ཡིས་བརྒྱན་པ། རྩྭ་དང་རྩི་ཤིང་རྒྱས་པ། ཆུ་བོ་ལྷུང་ལྷུང་དུ་རྒྱུ་བ་བཅས་ཞིང་ནང་མུ་ཁའི་མཛེས་ལྗོངས་ལྟ་བས་མི་ངོམ་པ་ཞིག་ཡོད་ཅིང་། འདི་ནི་ཧུད་ཙེ་རྫོང་ཟམ་ཆེན་ཤང་གི་རྩྭ་ཐང་ཡིན་པ།