ཉེ་ཆར། “མཛེས་སྡུག་ལྡན་པའི་དར་གོས་ལམ་བུ”ཞེས་པའི་ཀྲུང་གོའི་སྤུས་དག་འཚེམ་དྲུབ་སྒྱུ་རྩལ་འགྲེམས་སྟོན་དེ་སའེ་ན་ཆུ་འགྲམ་དུ་ཡོད་པའི་ཕ་རི་སི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་གཉེར་འགོ་ཚུགས་པ་དང་། སྤུས་དག་འཚེམ་དྲུབ་བརྩམས་ཆོས་33ལ་དེ་གའི་ཧྥ་རན་སེའི་མགྲོན་པོ་ཚོའི་བསྔགས་བརྗོད་ཐོབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་ཁྲོད་ཞུགས་པའི་འཚེམ་དྲུབ་བརྩམས་ཆོས་ཚང་མ་འཚེམ་དྲུབ་ཞིབ་འཇུག་རིགས་གཅིག་མཁས་ཅན་ཚའེ་མིན་ཆང་དང་ལི་ཁྲུན་ལེའང་གིས་ཇུས་འགོད་བྱས་པ་ཞིག་ཡིན་ཞིང་། འདི་ནི་ཧྥ་རན་སེའི་ཕ་རི་སིར་ལྟད་མོ་བ་ཚོས“མཛེས་སྡུག་ལྡན་པའི་དར་གོས་ལམ་བུ”ཞེས་པའི་ཀྲུང་གོའི་སྤུས་དག་འཚེམ་དྲུབ་སྒྱུ་རྩལ་འགྲེམས་སྟོན་ལ་ལྟ་སྐོར་བྱེད་པའི་གནས་ཚུལ་ཡིན་པ།