འདི་ལོའི་ཟླ་4ཚེས་13ཉིན་ནས་15ཉིན་བར་ནི་ལོ་སིའི་ཆུ་རྩེད་དུས་ཆེན་ཡིན་པ་དང་། དུས་ཡུན་ཉིན་གསུམ་གྱི་རྟེན་འབྲེལ་བྱེད་སྒོའི་རིང་མི་ཚོས་ཕན་ཚུན་ཆུ་གཤོ་རེས་བྱས་ནས་འདས་པའི་ལོ་གཅིག་ནང་གི་དྲི་མ་ནག་ནོག་བཀྲུས་ནས་ལོ་གསར་པར་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་ཡི་ཡོད། ཆུ་རྩེད་དུས་ཆེན་ལ་སུང་ཀན་དུས་ཆེན་ཡང་ཟེར་བ་དང་། དེ་ནི་ལོ་སིའི་སྲོལ་རྒྱུན་གྱི་ལོ་གསར་པའི་དུས་ཆེན་ཞིག་ཡིན་ཞིང་། འདི་ནི་ལོ་སིའི་རྒྱལ་ས་ཝན་ཐེན་དུ་དམངས་བྱིངས་ཀྱིས་ཁྲོམ་གཞུང་དུ་ཆུ་རྩེད་དུས་ཆེན་བསུ་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་པའི་གནས་ཚུལ་ཡིན་པ།