གསེར་སྐུད་ཀྱི་མཛེས་རྒྱན་སྤྲོས་སྟངས་ནི་རང་རྒྱལ་གྱི་སྲོལ་རྒྱུན་ལག་ཤེས་སྒྱུ་རྩལ་གྲས་ཤིག་ཡིན་ཞིང་། གསེར་དང་། དངུལ། ཟངས་བཅས་སྐུད་པ་ལྟར་འཐེན་རྗེས་འཐོག་པ་དང་། འགེང་བ། བཙིར་བ། སྤུངས་པ། བསླས་པ། ཁྲ་རྒྱན་རྒྱག་པ་སོགས་ཀྱི་བཟོ་རྩལ་ལས་རྒྱན་ཆ་དང་སྣོད་ཆས་སོགས་མཛེས་རྒྱན་དངོས་རྫས་བཟོ་གི་ཡོད། 2008ལོར་ལག་ཤེས་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད།
ཁང་ཡུན་ཆིང་ནི་ཧོ་པེ་ཞིང་ཆེན་ཅི་ཀྲོའུ་གྲོང་ཁྱེར་གསེར་སྐུད་མཛེས་རྒྱན་སྤྲོས་མཁན་རྒྱུན་འཛིན་པ་ཡིན། ཁོང་དུས་རབས་20པའི་ལོ་རབས་70པ་ནས་བཟུང་གསེར་སྐུད་མཛེས་རྒྱན་སྤྲོས་པའི་ལག་ཤེས་སྦྱོང་འགོ་བརྩམས། ལོ་མང་རིང་ཁོང་གིས་སྲོལ་རྒྱུན་གྱི་གསེར་སྐུད་མཛེས་རྒྱན་སྤྲོས་པའི་ལག་ཤེས་རྒྱུན་འཛིན་བྱེད་ཞོར་དུ་བློ་ཁོག་ཆེན་པོས་སྒྱུར་བཅོས་གསར་གཏོད་བྱས་ནས་བཟོ་རྩལ་སྣ་ཚོགས་བྱང་ཆུབ་པོས་ལག་ཤེས་སྒྱུ་རྩལ་གསར་གཏོད་ཐད་སྤྱད་དེ་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་ཉམས་འགྱུར་ཞིག་ཆགས་ཤིང་། འདི་ནི་ཁང་ཡུན་ཆིང་གིས་བཟོས་པའི་གསེར་སྐུད་མཛེས་རྒྱན་སྤྲས་པའི་ལག་ཤེས་སྒྱུ་རྩལ་ཐོན་རྫས་ཡིན་པ།