དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • གློག་རྡུལ་ཚོང་ལས་འཕེལ་རྒྱས་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2016-02-04

    252112_yis_1454472843421.jpg

    ནང་སོག་ཧོ་ཐའོ་ས་ཁུལ་གྱིས་ས་གནས་དེ་གའི་གྲོ་ཞིབ་དང་ཀྭ་ཙེ་སོགས་ཞིང་ཞོར་ཐོན་རྫས་སྐད་གྲགས་ཆེན་པོ་ཡོད་རུང་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་ཇི་ལྟར་བྱས་ཏེ“ཕྱི་ཕྱོགས”ལ་འདོན་དགོས་མིན་དེ་དུས་ཡུན་རིང་པོ་ཐག་གཅོད་བྱེད་དཀའ་བའི་གནད་དོན་ལ་གྱུར་ཡོད། 2015ལོ་ཚུན་དུ་ནང་སོག་ཝུའུ་ཡོན་རྫོང་གིས་ཡིག་ཆ་མང་དག་ཅིག་རྒྱུན་མཐུད་ངང་གཤམ་སྤྲོད་བྱས་ཏེ་གྲོང་གསེབ་ཀྱི་གློག་ཚོང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་གློག་རྡུལ་ཚོང་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། ཧོ་ཐའོ་ཡི་གློག་རྡུལ་ཚོང་དོན་ཐོན་ལས་གླིང་ཁུལ་བཙུགས་པ། རྫོང་རིམ་པའི་གློག་རྡུལ་ཚོང་དོན་གཉེར་སྐྱོང་ཞབས་ཞུའི་ལྟེ་གནས་བཙུགས་པ་བཅས་བྱས་ཏེ་ས་གནས་དེ་གའི་ཞིང་ལས་ཐོན་རྫས་ཀྱི་ཁྱད་ལྡན་ཐོན་ལས་ལ་དམིགས་ནས་དྲ་ཐོག་ཏུ་ཉོ་ཚོང་དང་ཞབས་ཞུ་བྱས་ཏེ་ས་གནས་དེ་གའི་ཞིང་ལས་ཀྱི་ཁྱད་ལྡན་ཐོན་རྫས་མགྱོགས་མྱུར་དྲ་ཐོག་ཏུ་འདོན་རྒྱུའི་ཁྲིད་སྟོན་བྱས་ཤིང་། འདི་ནི“མཁོ་ཚོང་བྱེད་བདེའི”སྟེགས་བུའི་ཟོག་འགྲུལ་མི་སྣས་མངགས་ཐོའི་ཚོང་ཟོག་གྲོང་ཚོ་རིམ་པའི་དམངས་ཕན་སྒོ་རྩིས་ཚོང་ཁང་ལ་སྐྱེལ་བའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།