
དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པ་དང་ཆབས་ཅིག ལོ་གཅིག་དུས་གཅིག་གི་དཔྱིད་གསར་སྐྱེལ་འདྲེན་འགོ་ཚུགས་ཡོད། ཕྱོགས་བཞི་མཚམས་བརྒྱད་ནས་ཡིན་པའི་ཞིང་པ་ལས་མི་དང་། སློབ་མ། གཉེན་འཕྲད་ལ་འགྲོ་མཁན་བཅས་ཀྱིས་རྡོག་ཁྲེས་འཁུར་ནས་ཕ་ཡུལ་ལ་ལོག་འདོད་ཀྱི་བསམ་པ་མཚོན་པ་བྱས་ཤིང་། འདི་ནི་ཉིང་ཞ་དབྱིང་ཁྲོན་མེ་འཁོར་བབས་ཚུགས་ཀྱི་མེ་འཁོར་སྒུག་སའི་ཚོམས་ཆེན་ནང་འགྲུལ་པ་ཞིག་གིས་ནང་མིར་སྤྲོད་པའི་ལག་རྟགས་འཁུར་ནས་མེ་འཁོར་ནང་འཛུལ་རྩིས་བྱེད་པའི་གནས་ཚུལ་ཡིན་པ།