དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • ཆུ་ཤེལ་གྱི་ཡེ་ཤུའི་འཁྲུངས་སྐར་གྱི་རྟེན་འབྲེལ་ལྗོན་ཤིང་དེ་ཅི་ལུང་ཕོར་བསྟན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-17

    235828_yis_1450240417836.jpg

    ཉེ་ཆར། གྲགས་ཅན་གྱི་ཆུ་ཤེལ་བཟོ་སྐྲུན་ཚོང་པ་ཧྲི་ཧྭ་ལོ་ཧྲི་ཆིས་བཟོས་པའི་ཆུ་ཤེལ་གྱི་ཡེ་ཤུའི་འཁྲུངས་སྐར་གྱི་རྟེན་འབྲེལ་ལྗོན་ཤིང་དེ་ཅི་ལུང་ཕོར་བསྟན་ནས་ཡེ་ཤུའི་དུས་ཆེན་ལ་བསུ་བ་ཞུས་པ་རེད། ཡེ་ཤུའི་འཁྲུངས་སྐར་གྱི་རྟེན་འབྲེལ་ལྗོན་ཤིང་དེར་མ་དངུལ་ལིན་ཅི་ཐེ་ཁྲི་300ཙམ(མི་དམངས་དངུལ་ལོར་སྒོར་ཁྲི་450ཙམ་ཡིན་པ)བཏང་བ་དང་ཁྱོན་ཆུ་ཤེལ་ཁྲི་17ཙམ་ཕྲེང་བརྒྱུས་བྱས་ནས་བཟོས་པ་ཞིག་ཡིན་པས་མཐོ་ཚད་སྨི་23ཡོད་པ་རེད། ཨེ་ཤེ་ཡའི་ཆུ་ཤེལ་གྱི་ཡེ་ཤུའི་འཁྲུངས་སྐར་གྱི་རྟེན་འབྲེལ་ལྗོན་ཤིང་མཐོ་ཤོས་དེ་ཡིན་ལ། མ་ལེ་ཞི་ཡའི་ཆུ་ཤེལ་གྱི་ཡེ་ཤུའི་འཁྲུངས་སྐར་གྱི་རྟེན་འབྲེལ་ལྗོན་ཤིང་དང་པོ་དེ་ཡང་ཡིན་ཞིང་། འདི་ནི་མ་ལེ་ཞི་ཡའི་རྒྱལ་ས་ཅི་ལུང་ཕོ་ཡི་ཚོང་ར་ཞིག་གི་ནང་ནས་པར་དུ་བླངས་པའི་ཆུ་ཤེལ་གྱི་ཡེ་ཤུའི་འཁྲུངས་སྐར་གྱི་རྟེན་འབྲེལ་ལྗོན་ཤིང་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།