དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • འཇར་མན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་བོད་འབྲེལ་ཞིབ་འཇུག་གྲོས་གླེང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་དྲ་བ།   |     སྤེལ་དུས།  2015-12-07

    F2015120714582386367300386.jpg

    ཞིབ་འཇུག་གྲོས་གླེང་ཚོགས་འདུའི་ཡུལ་དངོས།

    ཉེ་སྔོན་འཇར་མན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་པེར་ལིན་གྲོང་ཁྱེར་དུ་བོད་འབྲེལ་ཞིབ་འཇུག་གྲོས་གླེང་ཚོགས་འདུ་འཚོགས་ཤིང་། འཇར་མན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧྲི་མིང་ཏེ་ཞིབ་འཇུག་གྲོས་གླེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ངག་དབང་དང་། ཀྲུང་གོའི་གནད་དོན་ཞིབ་འཇུག་ཆེད་མཁས་པ་མ་ཁུ་སུའུ•ལུའུ་ཏའོ་ཧྥུ། རྒྱལ་ཁོངས་ལུ་ཙེམ་པོག་ནས་ཡིན་པའི་མཁས་དབང་ཨར་པའེ་ཐི•ཨེ་ཡན་ཀེ། དེ་བཞིན་འཇར་མན་གྱི་བོད་ལྗོངས་གནད་དོན་ཆེད་མཁས་པ་ཀེ་ལུའུ་ཧྲི་ཁེ་སོགས་ཀྱིས་བོད་ལྗོངས་ཀྱི་སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་དང་ལོ་རྒྱུས་སོགས་ཕྱོགས་མང་པོའི་ཐད་ཀྱི་ནང་དོན་སྐོར་ལ་ཞིབ་འཇུག་གྲོས་གླེང་གནང་བ་རེད།

    ཧྲི་མིང་ཏི་ཡིས་གསུང་བཤད་གནང་སྐབས་བོད་ལྗོངས་སྐོར་ཡི་གླེང་བྱ་ཡོ་རོབ་གླིང་དང་འཇར་མན་གྱི་སྨྱན་སྦྱོར་དུ་ནམ་རྒྱུན་ལྟར་འབྱུང་བཞིན་ཡོད་མོད། འོན་ཏང་བོད་ལྗོངས་ཀྱི་ལོ་རྒྱུས་དང་། རིག་གནས། སྲོལ་རྒྱུན། འདས་པའི་ལོ་བཅུ་ཕྲག་རིང་ལ་འཕེལ་རྒྱས་དང་འགྱུར་བ་བྱུང་ཚུལ་ལ་དོ་ཁུར་བྱེད་མཁན་ཉུང་ཉུང་རེད། ཐེངས་འདིའི་བོད་འབྲེལ་ཞིབ་འཇུག་གྲོས་གླེང་ཚོགས་འདུ་འདི་ནི་མི་རྣམས་ཀྱིས་མཉམ་དུ་བོད་ལྗོངས་ཀྱི་ལོ་རྒྱུས་དང་། ད་ཡོད་གནས་ཚུལ།  མ་འོངས་པ་བཅས་གྲོས་གླེང་བྱེད་པའི་གླེང་སྟེགས་ཧ་ཅང་བཟང་པོ་ཞིག་རེད་ཅེས་བསྟན་པ་རེད།

    F2015120714583915167300387.jpg

    ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧྲི་མིང་ཏེས་ཚོགས་འདུ་ཐོག་གཏམ་བཤད་གནང་བ།

    F2015120714590717967300390.jpg

    འཇར་མན་གྱི་བོད་ལྗོངས་གནད་དོན་ཆེད་མཁས་པ་ཀེ་ལུའུ་ཧྲི་ཁེས་གཏམ་བཤད་གནང་བ།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།