ཟླ་11ཚེས་22ཉིན་ནི་དུས་ཚིགས་24ནང་གི་ཁ་བ་ཆུང་བའི་དུས་ཚིགས་ཡིན་པ་དང་། ཉིན་དེར་བྱང་ཕྱོགས་ཀྱི་ཁྱབ་ཁོངས་ཆེན་པོར་ཁ་བ་བབས་པ་དང་། ཀྲུང་གོ་གནམ་གཤིས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། པེ་ཅིང་དང་། ཐེན་ཅིང་། ཧོ་པེ། ནང་སོག ཧྲན་ཤིས་སོགས་ས་ཁུལ་མང་ཆེ་བར་ཁ་བ་ཆེན་པོ་འབབ་རྒྱུ་རེད། འདི་ནི་གངས་ཁྲོད་ཀྱི་ནང་སོག་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་གྱི་མན་ཏུའུ་ཧའེ་སྤྱི་གླིང་ཡིན་པ།