བོད་ལྗོངས་རིག་གནས་སྤེལ་རེས་ཚོཌ་པས་ཧྥ་རན་སེར་འཚམས་འདྲི་བྱས།
ཟླ་10ཚེས་27ཉིན། ཧྥ་རན་སེའི་ཕ་རི་སིར་ཀྲུང་གོའི་བོད་ལྗོངས་ཕྱི་ཕྱོགས་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཝང་ནེང་ཧྲེང(གཡས་ཀྱི་གསུམ་པ)གིས་སྣེ་ཁྲིད་པའི་ཀྲུང་གོའི་བོད་ལྗོངས་རིག་གནས་སྤེལ་རེས་ཚོགས་པས《བོད་ལ་ཟབ་སྐྱོད་ཡུལ་སྐོར》ཞེས་པའི་རྩོམ་པ་པོ། ཧྥ་རན་སེའི་བུད་མེད་རྩོམ་པ་པོ་སོ་ཉི་ཡ·པུ་ལེ་སི་ལའེ(གཡོན་གྱི་དང་པོ)དང་། ཧྥ་རན་སེའི་རྩོམ་པ་པོ་དངུལ་ཁང་གི་མཐོ་རིམ་དཔོན་ཟུར་པ་ཕ་སི་ཁེ་ལེ·ཨོ་ཏོ་ནོ་ཝན། མིའི་རིགས་རིག་པ་མཁས་ཅན་ཨན་ཀྲེ·ཁེ་ཁེ་ཉི་ཡ་སོགས་དང་བཞུགས་མོལ་བྱས་པ།
ཟླ་10ཚེས་28ཉིན་ཀྲུང་གོའི་བོད་ལྗོངས་རིག་གནས་སྤེལ་རེས་ཚོགས་པས་ཧྥ་རན་སེར་དུས་ཡུན་ཉིན་གསུམ་གྱི་འཚམས་འདྲི་གནང་མཇུག་འགྲིལ་ཞིང་། འཚམས་འདྲི་གནང་རིང་སྤེལ་རེས་ཚོགས་པས་ཐུགས་འཕྲད་ཚོགས་འདུ་དང་། བཞུགས་མོལ་ཚོགས་འདུ། སྨྱན་སྦྱོར་བཅར་འདྲི་དང་ལེན་སོགས་ཀྱི་བྱེད་ཐབས་བརྒྱུད། ས་གནས་དམངས་ཚོགས་ལ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་། སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་སོང་བ། སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་བཅས་ཀྱི་གྲུབ་འབྲས་ཆེན་པོ་ངོ་སྤྲོད་གནང་བ་དང་འབྲེལ། ཚང་མས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་ཞིབ་ཕྲ་བསྐྱོན་གནང་བ་རེད།
བོད་ལྗོངས་རིག་གནས་སྤེལ་རེས་ཚོགས་པའི་ཚོགས་གཙོ་བོད་ལྗོངས་ཕྱི་ཕྱོགས་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཝང་ནེང་ཧྲེང་གིས་བཅར་འདྲི་དང་ལེན་གནང་སྐབས། སྤེལ་རེས་ཚོགས་པས་གཙོ་བོ་ཧྥ་རན་སེའི་ཨམ་བྷོ་ཡི་སེ་གྲོང་ཁྱེར་གྱི་འགོ་ཁྲིད་དང་། རིགས་རྒྱུད་རིང་ལུགས་ལ་ངོ་རྒོལ་དང་ཡ་གུ་དཱ་པ་ཕྱིར་འབུད་རིང་ལུགས་ལ་ངོ་རྒོལ་བྱེད་མཁན་རྒྱལ་སྤྱིའི་མཐུན་ཚོགས། ཧྥ་རན་སེའི་ཕྱིར་སྡོད་ཀྲུང་གོ་བ་དང་ཕྱིར་སྡོད་ཀྲུང་གོ་བའི་རྩ་འཛུགས། ཧྥ་རན་སེའི་གྲགས་ཅན་རྩོམ་པ་པོ་དང་ཆེད་བྲིས་རྩོམ་ཡིག་གི་རྩོམ་པ་པོ། སྨྱན་སྦྱོར་མི་སྣ་བཅས་དང་སྤེལ་རེས་གཏིང་ཟབ་གནང་བའི་ནང་དོན་ནི། བོད་ཀྱི་ལོ་རྒྱུས་རིག་གནས་དང་། ཆོས་དད་རང་མོས། ཁོར་ཡུག་སྲུང་སྐྱོང་། གནམ་གཤིས་འགྱུར་ལྡོག སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་གྲོས་གཞི་ཡིན་ཞིང་། ཕྱོགས་གཉིས་པོས་རིག་གནས་སྤེལ་རེས་ལ་ཤུགས་རྒྱག་རྒྱུ་དང་ཕན་ཚུན་ཡིད་ཆེད་ཟབ་ཏུ་གཏོང་རྒྱུའི་ཐད་གྲོས་འགོ་མང་པོ་བཏོན་པ་རེད།
《བོད་དུ་ཟབ་སྐྱོད་ཡུལ་སྐོར》ཞེས་པའི་ནང་ཧྥ་རན་སེའི་བུད་མེད་རྩོམ་པ་པོ་སོ་ཉི་ཡ·པུ་ལེ་སི་ལའེ་ཡིས་བོད་དུ་བསྐྱོད་པའི་མྱོང་ཚོར་དང་མཐོང་ཐོས་བརྗོད་ཡོད། ཁོང་གིས་ལྷ་ས་དང་། རྒྱལ་རྩེ། གཞིས་རྩེ། དིང་རི། ཇོ་རི་སོགས་སུ་བཅར་འདྲི་བྱས་པ་བརྒྱུད། བོད་ཀྱི་ཞིང་འབྲོག་མང་ཚོགས་དང་། འགོ་ཁྲིད། ཁེ་ལས་མཁས་ཅན། སློབ་གསོའི་ལས་རིགས་མི་སྣ། སྨན་པ། སློབ་མ་སོགས་དང་གླེང་མོ་བྱས་ཏེ། བོད་ཀྱི་སྤྱིར་བཏང་མི་སེར་གྱི་བསམ་བློ་གསོན་ཉམས་དོད་པོས་བྲིས་པའི་ཐོག བོད་ཀྱི་དཔལ་འབྱོར་ཆབ་སྲིད་དང་། སྤྱི་ཚོགས་རིག་གནས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་རྣམ་པ་གསར་པ་བཀོད་ཡོད།
བོད་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་རང་བྱུང་སྣོད་བཅུད་སྲུང་སྐྱོང་ཁྲུའུ་ཡི་ཁྲུའུ་ཀྲང་ཕུར་བུ་བསྟན་པས་བཞུགས་མོལ་གནང་སྐབས། བོད་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་དང་སྣོད་བཅུད་ནུས་པ་ཁུལ་གལ་ཆེན་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད། བོད་དུ་རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47བཙུགས་པའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41.22ཟིན་པ་དེས། ལྗོངས་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་གྱི་34.35%བཟུང་ཡོད། བོད་ཀྱི་ནགས་ལས་དང་རྩྭ་ཐང་སྣོད་བཅུད་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། སྣོད་བཅུད་སྐྱིན་གསབ་ཚོད་ལྟའི་ལས་དོན་ལ་སྐུལ་མ་གཏིང་ཟབ་ཐེབས་པའི་ཐོག སྣོད་བཅུད་ཤེས་དཔལ་ལམ་ལུགས་འཛུགས་རྒྱུ་སྔོན་ལ་ལག་ལེན་དང་སྔོན་ལ་ཚོད་ལྟ་བྱས་ཡོད་ཅེས་གསུངས་པ་རེད། ཚོད་སྐོར་བྱས་པ་ལས། གངས་ལྗོངས་ས་མཐོའི་སྣོད་བཅུད་མ་ལག་ཁག་གི་གྲུབ་ཆ་ཁྱོན་ཡོངས་ནས་བརྟན་པོ་དང་སྣོད་བཅུད་ཀྱི་སྤུས་ཚད་བརྟན་པོ་ཡོད་པ་མཚོན་ཡོད།
བོད་ཀྱི་ཆོས་ལུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ལས་དོན་པ་བློ་བཟང་ཉི་མས། ལོ་མང་རིང་ཀྲུང་དབྱང་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་སྤྱི་དམངས་ཀྱི་ཆོས་དད་རང་མོས་དབང་ཆར་བརྩི་འཇོག་གང་ལེགས་བྱེད་པ་དང་། ཆོས་ལུགས་ཀྱི་གྲུབ་མཐའ་ཁག་ལ་འདྲ་མཉམ་ངང་བརྩི་འཇོག་དང་སྲུང་སྐྱོང་ཐོབ་ཡོད་ལ། རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོ་དང་ཆོས་དད་རང་མོས་ལ་ཡང་ཁྲིམས་ལྟར་སྲུང་སྐྱོང་ཐོབ་ཡོད་ཅེས་གསུངས་པ་རེད།