
ཟླ་10ཚེས་12ཉིན། ཨན་ན·ཀའོ་མེའི་འཇིམ་བརྐོས་སྒྱུ་རྩལ་འགྲེམས་སྟོན་དེ་པེ་ཅིང་ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་འགོ་ཚུགས་པ་རེད། ཨན་ན·ཀའོ་མེ་ནི་ཅེ་ཁེར་འཁྲུངས་པ་དང་། ཧྥ་རན་སེར་སྣུམ་ཚོན་རི་མོ་སྦྱོང་སྐབས་དགེ་རྒན་ཏ་ལིའི་ཤུགས་རྐྱེན་འོག“མི་ཁའེ་ལང་ཅི་ལུའོ་ཡི་འཇིམ་བརྐོས་བྱ་དགའ”ཐོབ་མྱོང་ཡོད། ཁོང་གི་བརྩམས་ཆོས་འབོར་ཆེན་གོ་ལ་ཧྲིལ་པོའི་རྒྱལ་ཁབ་མང་པོ་ཞིག་གི་སྤྱི་པའི་བར་སྟོང་དུ་སྒྲིག་སྦྱོར་བྱས་ཡོད་པ་དང་། འཇིམ་བརྐོས་ཆེ་གྲས་ཀྱི་བརྩམས་ཆོས་20ལྷག་ཙམ་2015ལོའི་ཟླ་10ཚེས་13ནས་ཚེས་25ཉིན་བར་ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱ་རྒྱུ་ཡིན་པ་མ་ཟད། གཟུགས་བརྙན་དང་སྐམ་བྲིས་སོགས་ཀྱི་བྱེད་ཐབས་བརྒྱུད་སྒྱུ་རྩལ་མཁས་ཅན་གྱི་གསར་རྩོམ་བརྒྱུད་རིམ་སླར་ཡང་མངོན་པ་བྱ་རྒྱུ་ཡིན་ཞིང་། འདི་ནི་ལྟད་མོ་བས་པེ་ཅིང་ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་ཨན་ན·ཀའོ་མེའི་འཇིམ་བརྐོས་བརྩམས་ཆོས་ལ་ལྟ་བའི་གནས་ཚུལ་ཡིན་པ།