“བོད་རིགས་ས་ཁུལ་འཕེལ་རྒྱས་ཡག་པོ་འདི་འདྲ་བྱུང་བ་བསམ་ཡུལ་ལས་འདས་སོང”
ཁྲེང་ཏུའུ་རུ་བཅའ་སྡོད་ཨ་རིའི་སྤྱི་ཁྱབ་གཞུང་ཚབ་པ་ཀུའུ་ལི་ཡན་གྱི“གྲོགས་ཚོགས”ནང་ཉེ་ཆར་པར་ཁག་གཅིག་བཏང་བ་དེ་ནི་ཁོང་གིས་སི་ཁྲོན་བོད་རིགས་ས་ཁུལ་དུ་ལྟ་སྐོར་རྟོགས་ཞིབ་བྱ་སྐབས་བརྒྱབ་པའི་པར་ཡིན་ཞིང་། སྐབས་རེ་ཉིན་གཅིག་ལ་པར་40ཙམ་བསྐུར་པ་དེ་དག་གིས་སི་ཁྲོན་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ཚང་མ་ཇི་མ་ཇི་བཞིན་མཚོན་ཡོད།
ཀུའུ་ལི་ཡན་སི་ཁྲོན་ཞིང་ཆེན་གྱི་ཕྱི་དོན་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་གིས་སྒྲིག་འཛུགས་བྱས་པའི་བྱེད་སྒོར་ཞུགས་ཤིང་། ལྷན་དུ་ཕེབས་མཁན་གྲས་སུ་ད་དུང་ཁྲེང་ཏུར་བཅའ་སྡོད་འཇར་མན་དང་། ཧྥ་རན་སེ། ཨོ་སི་ཁྲུ་ལི་ཡ། སིང་ཀ་ཕོར། ཐེ་ལན། ཧན་གོ་སོགས་རྒྱལ་ཁབ་ཀྱི་སྤྱི་ཁྱབ་གཞུང་ཚབ་པ་དང་དེ་བཞིན་སྤྱི་ཁྱབ་དཔོན་རིགས་ཁག་གཅིག་ཡོད་པ་རེད། ཟླ་7ཚེས་28ཉིན་ནས་ཟླ་8ཚེས་1ཉིན་བར་ཁོང་ཚོས་སི་ཁྲོན་བོད་རིགས་ས་ཁུལ་གྱི་རྫོང་དང་གྲོང་ཁྱེར་8དུ་ལྟ་སྐོར་རྟོགས་ཞིབ་བྱས་པར་ལམ་ཐག་སྤྱི་ལེ་1700ལྷག་ཙམ་ཟིན་ཡོད་པ་རེད།
སི་ཁྲོན་བོད་རིགས་ས་ཁུལ་ནི་ཀྲུང་གོའི་བོད་རིགས་ས་ཁུལ་འདུས་སྡོད་ཁུལ་ཆེ་གྲས་གཉིས་པ་ཡིན་པར་གཙོ་བོ་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་དང་། རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ། ལེའང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་ཡི་མུ་རི་བོད་རིགས་རང་སྐྱོང་རྫོང་བཅས་ཚུད་པར་མི་གྲངས་བསྡོམས་འབོར་ཁྲི་210ཟིན་པའི་ནང་བོད་རིགས་མི་འབོར་ཁྲི་142ཡོད་པ་དེས་རྒྱལ་ཡོངས་ཀྱི་བོད་རིགས་མི་འབོར་གྱི་བཞི་ཆ་གཅིག་ཟིན་ཡོད་ཅིང་། འདི་ནི་ཁྲེང་ཏུའུ་རུ་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཚོགས་པས་སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་མཛོད་དགེ་རྫོང་སྟག་ཚ་དགོན་དུ་ལྟ་སྐོར་བྱེད་པའི་གནས་ཚུལ་ཡིན་པ།