དབྱི་ཐ་ལིའི་ཝུང་པུའུ་ལི་ཡ་རོལ་དབྱངས་དུས་ཆེན་ལ་ལོ་42ཀྱི་ལོ་རྒྱུས་ལྡན་པ་དང་ལོ་རེའི་ཟླ་7པར་དུས་ཆེན་དེ་གཏོང་གི་ཡོད། རོལ་དབྱངས་དུས་ཆེན་རིང་དབུས་རྒྱུད་རི་ཁུལ་གནའ་གྲོང་གི་ཨར་ཁང་དང་། ཟ་ཁང་། སྔོ་མདོག་རྡོ་ལེབ་ལམ། ཟློས་གར་ཁང་ཆེ་ཆུང་ཚང་མ་རོལ་དབྱངས་དཀྲོལ་མཁན་གྱི་སྟེགས་བུར་གྱུར་ཞིང་། འདི་ནི་མི་རྣམས་ཀྱིས་ཁྲོམ་གཞུང་རོལ་དབྱངས་རུ་ཁག་གི་འཁྲབ་སྟོན་ལ་ལྟ་བཞིན་ཞབས་བྲོ་འཁྲབ་པའི་གནས་ཚུལ་ཡིན་པ།