ཟླ་7ཚེས་14ཉིན་ཧྥ་རན་སེའི་རྒྱལ་སྟོན་དུས་ཆེན་ཡིན་པ་དང་། “པ་ཧྲི་ཏིའི་ཉིན་མོ”ཡང་ཟེར་བ་དང་། དེ་ནི་ཧྥ་རན་སེའི་རྒྱལ་ས་ཕ་རི་སིའི་མང་ཚོགས་ཀྱིས་1789ལོའི་ཟླ་7ཚེས་14ཉིན་བཀས་བཀོད་རྒྱུད་འཛིན་དབང་སྒྱུར་མཚོན་པའི་པ་ཧྲི་ཏིའི་བཙོན་ཁང་བཙན་བཟུང་བྱས་ནས་ཧྥ་རན་སེའི་གསར་བརྗེ་ཆེན་པོ་འགོ་ཚུགས་པར་དྲན་གསོ་བྱས་པ་ཞིག་ཡིན་ཞིང་། འདི་ནི་ཟླ་7ཚེས་14ཉིན་ཚོན་ཁྲ་ཅན་གྱི་ཤོག་སྦག་ཧྥ་རན་སེའི་ཕ་རི་སི་ཨེ་ཧྥེར་ལྕགས་ལྕོག་གི་མཁའ་དབྱིངས་སུ་འབར་བ།