ཉིན་ཤས་གོང་ཕུའུ་ཀྲོའུ་གྲོང་ཁྱེར་གྱི་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་ལག་རྩལ་མ་ལག་དཔེ་སྟོན་རྟེན་གཞིར་རྒུན་འབྲུམ་རོལ་དབྱངས་དུས་ཆེན་གྱི་བྱེད་སྒོ་སྤེལ་ནས“མཛེས་སྡུག་ལྡན་པའི་གྲོང་གསེབ”དང་གྲོང་གསེབ་གསར་པའི་ཁྱིམ་གཞིས་འདུ་འགོད་འཛུགས་སྐྲུན་ཚོད་ལྟའི་གྲུབ་འབྲས་འགྲེམས་སྟོན་བྱས་ཡོད། བྱེད་སྒོའི་ནང་ཁྱིམ་བདག་མང་པོ་ཞིག་གིས་གུང་གསེང་དང་བསྟུན་ནས་ཕྲུ་གུ་ཁྲིད་དེ་རྒུན་འབྲུམ་བཏུས་ནས་སྤྲོ་སྣང་ལྡན་པའི་དབྱར་ཁའི་གུང་གསེང་བཏང་ཞིང་། འདི་ནི་གྲོང་མི་ཚོས་རྒུན་འབྲུམ་འཐུ་བའི་གནས་ཚུལ་ཡིན་པ།