དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • ཐང་རྒོད་ཀྱི་འཇིགས་ཉེན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-07

    188790_yis_1436154545364.jpg

    འདི་ལོའི་ཟླ་6ཚེས་17ཉིན་ནི“འཛམ་གླིང་གི་ཐང་རྒོད་ཅན་དང་ཐན་སྐྱོན་འགོག་བཅོས་ཉིན་མོ”ཐེངས་21པ་ཡིན་པ་དང་། འདི་ལོའི་བརྗོད་བྱ་གཙོ་བོ་ནི“རྒྱུན་མཐུད་ཆོག་པའི་འབྲུ་རིགས་ཁོངས་གཏོགས་སུ་མི་ཚང་མར་འབྲུ་རིགས་བདེ་འཇགས་ཐུབ་པ་བྱ་རྒྱུ”དེ་རེད། ཐང་རྒོད་ཅན་ནི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཞིག་ཡིན་པ་དེས་འཛམ་གླིང་ཡོངས་ཀྱི་སྣོད་བཅུད་བདེ་འཇགས་དང་། དབུལ་ཕོངས་ཉུང་དུ་གཏོང་བ། སྤྱི་ཚོགས་ཀྱི་དཔལ་འབྱོར་དང་བརྟན་ལྷིང་། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ཚང་མར་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བསྡོམས་རྩིས་གཞིར་བཟུང་། གོ་ལ་ཧྲིལ་པོའི་མི་གྲངས་དུང་ཕྱུར་26ཞིང་ལས་ལ་ཐད་ཀར་བརྟེན་དགོས་ཀྱི་ཡོད། འོན་ཀྱང་ཞིང་ལས་ཐད་སྤྱོད་པའི་ས་ཞིང་52%ཉམས་ཞན་དུ་འགྲོ་བའི་ཤུགས་རྐྱེན་འབྲིང་ངམ་ཡང་ན་ཚབས་ཆེན་ཕོག་པ་དང་། དབུལ་ཕོངས་མི་འབོར་74%ལ་གོ་ལ་ཧྲིལ་པོའི་ས་ཞིང་ཉམས་ཞན་དུ་འགྲོ་བའི་ཤུགས་རྐྱེན་ཐད་ཀར་ཕོག་ཅིང་། འདི་ནི་2006ལོའི་ཟླ་8ཚེས་2ཉིན་སི་ཕེན་གྱི་གྲོང་ཁྱེར་ཁུན་གཱ་ཡི་གྲོང་འདབས་སུ་ཉི་མ་མེ་ཏོག་ཅིག་སྐམ་ཤས་ཆེ་བའི་ས་ཞིང་ཐོག་སྐྱེས་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།