ལོ་ཤས་ནང་། ཡུན་ནན་ཞིང་ཆེན་ཧུང་ཧོ་ཧ་ཉི་དང་དབྱི་རིགས་རང་སྐྱོང་ཀྲོའུ་ཡི་སྨི་ལེ་གྲོང་ཁྱེར་གྱིས་ཐུན་མིན་གནམ་གཤིས་ཆ་རྐྱེན་ལ་བརྟེན་ནས་སྤུས་ཚད་ལེགས་ལ་ཐོན་འབབ་མང་བའི་ཞིང་ལས་དང་ཁྱད་ལྡན་ཞིང་ལས་གསར་སྤེལ་བྱ་ཤུགས་ཆེ་རུ་བཏང་སྟེ་ཡུལ་བབ་དང་བསྟུན་ནས་རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་བཏང་ཡོད། ས་གནས་དེས་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་ཡུག་སྦྲེལ་འདེབས་འཛུགས་བྱ་རྒྱུར་བློ་བཀུག་པ་དང་འབྲེལ། “ཀུང་སི་དང་། རྟེན་གཞི། ཞིང་དུད་བཅས་ཟུང་དུ་སྦྲེལ་བའི”མཁོ་ཐོན་བྲིན་གསུམ་གཞི་གཅིག་ཅན་གྱི་དོ་དམ་བྱེད་སྟངས་སྤྱད་ནས་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱས་ཤིང་། འདི་ནི་སྨི་ལེ་གྲོང་ཁྱེར་ཤར་རླུང་ཞིང་རའི་ཞིང་པ་ཀྲང་ལིས་རང་ཁྱིམ་གྱི་ལྡུམ་རའི་ནང་རྒུན་འབྲུམ་འཐུ་བཞིན་པ།