དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • སྣུམ་ཐིགས་གཅིག་ཀྱང་མི་དགོས་པའི་ཉི་ནུས་གནམ་གྲུ།

  • ཡོང་ཁུངས།  ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   |     སྤེལ་དུས།  2015-06-01

    11111.jpg

    ཡོ་རོབ་སུའེ་ཙེར་རྒྱལ་ཁབ་ཀྱིས་གསར་བཟོ་བྱས་པའི་ཉི་འོད་སྒུལ་ཤུགས་རྟགས་ཅན་གཉིས་པ་ཞེས་པའི་ཉི་ནུས་གནམ་གྲུ་དེ་ནི་ད་སྔའི་འཛམ་གླིང་ཡོངས་ཀྱི་སྣུམ་ཐིགས་གཅིག་ཀྱང་མི་དགོས་པར་ཉི་འོད་ལ་བརྟེན་ནས་དུས་ཡུན་རིང་བོར་འཕུར་ཐུབ་པའི་ཉི་ནུས་གནམ་གྲུ་ཆེ་ཤོས་དེ་ཡིན་ཞིང་། དེའི་གཤོག་པའི་རིང་ཚད་ལ་སྨི་72དང་། ལྗིད་ཚད་ལ་སྒེར་སྤྱོད་རླངས་འཁོར་གྱི་ལྗིད་ཚད་དེ་སྤྱི་རྒྱ་2300ཙམ་ལས་མེད།

    2014ལོའི་སྤྱི་ཟླ་6ཚེས་2ཉིན། གནམ་གྲུ་དེ་སུའེ་ཙེར་ནུབ་ཕྱོགས་སུ་ཡོད་པའི་གྲོང་ཁྱེར་ཕཱ་ཡེ་ནཱ་ཞེས་པ་ནས་ཐེངས་དང་པོར་འཕུར་ཞིང་། 2015ལོའི་སྤྱི་ཟླ་3ཚེས་9ཉིན་ནས་བཟུང་གནམ་གྲུ་དེ་ཨ་རབ་མཉམ་འབྲེལ་རྒྱལ་ཁབ་ཀྱི་རྒྱལ་ས་ཨ་པུའུ་ཀྲ་པུའུ་ཞེས་པ་ནས་འཛམ་གླིང་བསྐོར་བ་རྒྱག་པའི་འཕུར་སྐྱོད་མགོ་བརྩམས་ཤིང་། སྤྱི་ཟླ་4ཚེས་21ཉིན་ཀྲུང་གོའི་ནན་ཅིང་གྲོང་ཁྱེར་དུ་འབྱོར་ཞིང་གནམ་གཤིས་ཀྱིས་རྐྱེན་པས་ད་བར་ནན་ཅིང་དུ་ལུས་པ་དང་། སྤྱི་ཟླ་5ཚེས་31ཉིན་ནན་ཅིང་ནས་གྱེས་ཏེ་ཨ་རིར་འཕུར་ཡོད།

    22222.jpg

    གནམ་གྲུ་འདི་གསར་བཟོ་མཁན་གྱིས་གནམ་གྲུ་འདི་རིགས་ལ་བརྟེན་མིའི་རིགས་ཀྱི་གསར་གཏོད་རང་བཞིན་དང་ཁོར་ཡུག་ལ་མི་གནོད་པའི་ནུས་ཁུངས་གསར་བའི་ལག་རྩལ་གྱིས་འཇིག་རྟེན་འདི་བསྒྱུར་བཅོས་གཏོང་བའི་རེ་བ་བཅངས་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།