
ཧོ་ལན་གྱི་གྲོང་ཁྱེར་གྲགས་ཅན་ལུའུ་ཐེ་ཏམ་གྱི་ཝེ་སི་ལན་ས་ཁུལ་ལ་ཡོ་རོབ་གླིང་ གི་མེ་ཏོག་ལྷུམ་ར་ཞེས་པའི་མཚན་སྙན་མཆིས། དེར་མེ་ཏོག་སྣ་ཁ་3000ལྷག་ལྡན་ལ་རིན་གོང་ཡང་ཧ་ཅང་མཐོ། ཧོ་ལན་གྱི་མེ་ཏོག་འཛམ་གླིང་ཡོངས་ལ་འཚོང་བཞིན་ཡོད་པས། དེ་ནི་འཛམ་གླིང་གི་མེ་ཏོག་ཕྱིར་འཚོང་རྒྱལ་ཁབ་ཆེས་ཆེན་པོ་ཞིག་ཡིན།