དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • རྒྱ་སེ་མེ་ཏོག་བཏབ་ནས་ཕྱུག་པོའི་ལམ་དུ་སྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-26

        

    175608_yis_1432527294212.jpg

    འདི་ནི་ཡུང་ཆིང་རྫོང་ཧའེ་ཙེ་ཐེན་དེང་དུས་ཞིང་ལས་དཔེ་སྟོན་ཁུལ་གྱི་ལས་མིས་འཐུ་མ་ཐག་པའི་པུར་ཀ་རི་ཡའི་རྒྱ་སེ་མེ་ཏོག་དབོར་འདྲེན་བྱེད་པའི་གནས་ཚུལ་ཡིན་པ།

    175606_yis_1432527293728.jpg

    འདི་ནི་ཧོ་པེ་ཞིང་ཆེན་ཤིང་ཐའེ་རྫོང་ཤིས་ཧོང་གྲོང་ཚོའི་ཀྲེན་ཅུས་ཀོན་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་ལས་མིས་རྒྱ་སེ་མེ་ཏོག་བསིལ་སྐམ་གཏོང་བའི་གནས་ཚུལ་ཡིན་པ།

    ཉེ་བའི་ལོ་ཤས་རིང། ཧོ་པེ་ཞིང་ཆེན་ཤིང་ཐའེ་རྫོང་དང་ཡུང་ཆིང་རྫོང་སོགས་ཀྱིས་ས་གནས་དེ་གའི་ས་ཁམས་ཁྱད་ཆོས་ལ་བརྟེན་ནས་ཞིང་པར་ཟ་ཆོག་པའི་རྒྱ་སེ་མེ་ཏོག་འདེབས་འཛུགས་བྱ་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱས་པ་དང་འབྲེལ“མཉམ་ལས་དང་། ཞིང་དུད། རྟེན་གཞི། ཀུང་སི་བཅས་ཟུང་འབྲེལ”གྱི་གཉེར་སྐྱོང་དང་དོ་དམ་བྱེད་སྟངས་སྤྱད་པར་དཔལ་འབྱོར་གྱི་ཕན་འབྲས་ཡག་པོ་ཐོན་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཤིང་ཐའེ་རྫོང་དུ་ཟ་ཆོག་པའི་རྒྱ་སེ་མེ་ཏོག་མུའུ་6000ལྷག་ཙམ་བཏབ་པ་དང་འདེབས་འཛུགས་དུད་ཚང་ལ་མུའུ་རེ་ནས་ལོ་རེར་ཡོང་འབབ་སྒོར་6000ལྷག་ཙམ་ཡོང་གི་ཡོད། ཡུང་ཆིང་རྫོང་ཧའེ་ཙེ་ཐེན་དེང་དུས་ཞིང་ལས་དཔེ་སྟོན་ཁུལ་གྱིས་2014ལོའི་དཔྱིད་དུས་ནས་པུར་ཀ་རི་ཡའི་རྒྱ་སེ་མེ་ཏོག་ནང་འདྲེན་བྱེད་འགོ་བཙུགས་པ་དང་མིག་སྔའི་བར་རྒྱ་སེ་མེ་ཏོག་སྡོང་རྐང་ཁྲི་20ལྷག་ཙམ་གསབ་འཛུགས་བྱས་ཡོད། སླད་ཕྱིན་དཔེ་སྟོན་ཁུལ་དེས་ཞིང་པར་གཞི་ཁྱོན་ལྡན་པའི་སྒོ་ནས་འདེབས་འཛུགས་བྱ་རྒྱུའི་ཁྲིད་སྟོན་བྱས་ཏེ་ཞིང་པའི་ཡོང་འབབ་འཕར་ཐབས་ཧུར་ཐག་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།