དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ཀྱི་འཐུས་མི་ཚོགས་པས་པར་ཙིར་གྱི་མཁས་དབང་དང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-04-16

    ཚེས་13ཉིན་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ཀྱི་འཐུས་མི་ཚོགས་པས་པར་ཙིར་ལི་གཡོད་རེ་ནེ་ལུའུ་རུ་པར་ཙིར་གྱི་རིག་གཞུང་ལས་རིགས་དང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་འཐུས་མི་དང་བཞུགས་མོལ་གནང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ཐད་སྤེལ་རེས་གནང་བ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཤིང་རྩ་བསྟན་འཛིན་ཆོས་གྲགས་ཀྱིས་བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན། 1951ལོར་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་། 1959ལོར་དམངས་གཙོའི་བཅོས་སྒྱུར་བྱས་པ། 1965ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་བཅས་ཀྱིས་བོད་ཀྱི་འཕེལ་རྒྱས་ལ་གལ་ཆེའི་དོན་སྙིང་ལྡན་ཡོད། འདི་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་ལོ་ཡིན། རང་སྐྱོང་ལྗོངས་དབུ་བརྙེས་རྗེས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ཐད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཕྱིན་ཡོད་ཅེས་ངོ་སྤྲོད་གནང་ཞིང་། ཁོང་གིས་ད་ཕན་ལོ་ཤས་རིང་ཀྲུང་གོ་དང་པར་ཙིར་གྱི་འབྲེལ་བ་གོང་འཕེལ་ཡག་པོ་བྱུང་ཡོད་ལ། སྤེལ་རེས་བྱེད་ཚད་ཀྱང་ཉིན་རེ་བཞིན་ཟབ་ཏུ་ཕྱིན་ཡོད། ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་འབྲེལ་བར་ཤུགས་སྣོན་དང་། ཤེས་རྟོགས་ཟབ་ཏུ་གཏོང་བ། མཛའ་གྲོགས་ཟབ་ཏུ་ཕྱིན་པ་བཅས་བྱུང་བ་དང་པར་ཙིར་མི་དམངས་ཀྱིས་བོད་ལྗོངས་ངོ་མ་ཞིག་ཤེས་རྟོགས་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཚོགས་འདུར་ཞུགས་མཁན་པར་ཙིར་གྱི་མཁས་དབང་ཚོས་འཐུས་མི་ཚོགས་པའི་ས་ནས་བོད་ཀྱི་དཔལ་འབྱོར་དང་རིག་གནས། རྒྱུན་མཐུད་འཕེལ་རྒྱས་སོགས་ལ་དོ་ཁུར་བྱེད་པའི་གནད་དོན་ཤེས་རྟོགས་བྱས་ཤིང་། ཁོང་ཚོས་པར་ཙིར་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་མཛའ་གྲོགས་ཀྱི་འབྲེལ་བ་བཟང་པོ་རྒྱུན་འཁྱོངས་བྱུང་བ་མ་ཟད། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཆ་འདྲ་བའི་གནས་མང་པོ་ཡོད། བོད་ཀྱི་འཕེལ་རྒྱས་ཉམས་མྱོང་གིས་པར་ཙིར་གྱིས་ས་ཁོངས་འཕེལ་རྒྱས་དོ་སྙོམས་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་གཞི་འཛིན་ས་མཁོ་འདོན་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།

    བཞུགས་མོལ་ཚོགས་འདུའི་ནང་ཞུགས་མཁན་གྲས་སུ་ད་དུང་པར་ཙིར་ལི་གཡོད་རེ་ནེ་ལུའུ་རུ་ཡོད་པའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་དང་། པར་ཙིར་དུ་ཡོད་པའི་ཕྱིར་སྡོད་རང་མིའི་རིག་གནས་སྤེལ་རེས་མཐུན་ཚོགས། པར་ཙིར་ཞི་བའི་གཅིག་གྱུར་སྐུལ་འདེད་ཚོགས་པ། ལི་གཡོད་རེ་ནེ་ལུའུ་ཡི་ཞི་བའི་གཅིག་གྱུར་སྐུལ་འདེད་ཚོགས་པ། ཀྲེ་ཅང་ཚོང་ཚོགས་ཀྱི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་འཐུས་མི། ལི་གཡོད་གནམ་བདག་ཆོས་ལུགས་སློབ་ཆེན་ཁུང་ཙི་སློབ་གླིང་གི་ཀྲུང་གོ་ཕྱོགས་ཀྱི་ཡོན་ཀྲང་སོགས་ཡོད་པ་རེད།

    དེ་རྗེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ཀྱི་འཐུས་མི་ཚོགས་པ་དང་བཅས་པས་པར་ཙིར་གྱི་རྒྱལ་ས་པ་ཞི་ལི་ཡར་འཚམས་འདྲི་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།