
འདི་ལོ་ནས་བཟུང་ཀོང་ཤིས་ནན་ཉིང་གྲོང་ཁྱེར་ཀྱིས་གྲོང་ཁྱེར་དེ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་ཏུ“མེ་ཏོག་གི་རྣམ་པའི་སློབ་གྲྭ”འཛུགས་སྐྲུན་དང་སློབ་གྲྭའི་གང་ས་གང་དུ་མེ་ཏོག་གི་དྲི་བསུང་འཐུལ་བར་བྱེད་པའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད། སློབ་ཕྲུག་ཚོས་མེ་ཏོག་དང་རྩི་ཤིང་འདེབས་འཛུགས་དང་བདག་སྐྱོང་བྱེད་པའི་བརྒྱུད་རིམ་ཁྲོད་མེ་ཏོག་དང་ལྗོན་ཤིང་སྐོར་གྱི་ཤེས་བྱ་སློབ་སྦྱོང་དང་མེ་ཏོག་དང་རྩི་ཤིང་སྐྱེ་ཚུལ་ཤེས་རྟོགས་བྱས་པ་མ་ཟད་ད་དུང་རང་ཉིད་ཀྱིས་སློབ་གྲྭ་དང་སློབ་ཁང་མཛེས་བཟོ་བྱས་པ་ལས་ཐོན་པའི་དགའ་སྤྲོ་ཡང་མྱོང་ཚོར་བྱས་ཤིང་། འདི་ནི་ཀོང་ཤིས་ནན་ཉིང་གྲོང་ཁྱེར་པེན་ཧུའུ་ལམ་སློབ་ཆུང་གི་སློབ་ཕྲུག་ཚོས་རེ་སྨོན་གཱ་ཤིང་སྡོང་གི་ཡལ་གའི་སྟེང་འགེལ་བའི་གནས་ཚུལ་ཡིན་པ།