དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • ལུམ་བིའི་ནི།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-03-24

    ལུམ་བིའི་ནི་ནི་ཤྰ་ཀྱ་མུ་ནེའི་འཁྲུངས་ཡུལ་ཡིན་ཞིང་འཛམ་གླིང་ཐོག་གི་གནས་མཆོག་ཏུ་འགྱུར་བ་ཞིག་ཀྱང་ཡིན།  དེང་གི་བལ་ཡུལ་ཁོངས་ཀྱི་ལྷོ་ནུབ་མཚམས་ཏེ་རྒྱ་གར་དང་ས་འབྲེལ་གྱི་མཚམས་སུ་ཡོད་ཅིང་རྒྱལ་ས་ཀ་ཏ་མིན་ཏུ་ནས་སྤྱི་ལེ་360ཙམ་ཡོད།  བལ་ཡུལ་སྲིད་གཞུང་གིས་ལུམ་བིའི་ནིའི་རིག་དངོས་དག་ལ་སྲུང་སྐྱོབ་བྱེད་བཞིན་ཡོད།  སངས་རྒྱས་བཅོམ་ལྡན་འདས་ནི་ཤིང་བྱང་ཆུབ་ལྗོན་ཤིང་འོག་ཏུ་དཀའ་བ་སྤྱད་ནས་མཐར་སངས་རྒྱས་པ་དེས་འཛམ་གླིང་ཐོག་ཞི་བདེ་ལ་དགའ་བའི་མི་ཞིག་མང་དུ་སོང་ཡོད།  མི་མང་ཆེ་བས་བཅོམ་ལྡན་འདས་ནི་སྤྱི་ལོའི་སྔོན་གྱི་ལོ་624ཟླ་བ་4པའི་ཚེས་བརྒྱད་ཉིན་ལུམ་བིའི་ནིར་སྐུ་འཁྲུངས་ཞེས་བཤད་ཀྱི་ཡོད།

    ས་ཕྱོགས་གང་སར་སངས་རྒྱས་ཆོས་ལུགས་ཁྱབ་སྤེལ་བྱུང་ཡོད་ལ། ལྷག་པར་དུ་ཨེ་ཤ་ཡ་ལྷོ་མ་དང་ཨེ་ཤ་ཡ་ཤར་ལྷོའི་ས་ཁུལ།  ཀྲུང་གོ་བཅས་ལ་ཁྱབ་སྤེལ་ཤུགས་ཆེན་བྱུང་ཡོད་པས་ལུམ་བིའི་ནི་སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་མཁན་ཚོའི་སེམས་ནང་གི་གནས་མཆོག་ཏུ་འགྱུར་བ་ཞིག་ལ་ངོས་འཛིན་གྱི་ཡོད། ལུམ་བིའི་ནི་དེང་གི་ནེ་པྰ་ལའི་སྤོབས་པ་བྱེད་ཡུལ་ཞིག་དང་འཛམ་གླིང་ཐོག་གྲགས་ཆེ་བའི་ཡུལ་སྐོར་བྱེད་ཡུལ་ཞིག་ཏུ་འགྱུར་ཡོད།   སངས་རྒྱས་བཅོམ་ལྡན་འདས་མི་ཡུལ་དུ་སྐུ་འཁྲུངས་པ་དེས་འཛམ་གླིང་ཐོག་གི་ཞི་བདེ་ལ་དགའ་ཞིང་ཞི་བདེ་སྲུང་བ།  མི་ཕན་ཚུན་བར་ལ་བསམ་ཤེས་བྱེད་ཤེས་མཁན་གྱི་མི་ཞིག་མང་དུ་ཕྱིན་པའང་མཚོན། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།