
པོ་ཏ་ལ་ནི། ལེགས་སྦྱར་གྱི་སྐད་ཡིན་པས་འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་ལ་རི་བོ་པོ་ཏ་ ལའམ་བོད་སྐད་དུ་རི་བོ་གྲུ་འཛིན་ཟེར། ཕོ་བྲང་འདི་ནི་སྤྱི་ལོའི་དུས་རབས་བདུན་པར་ཆོས་རྒྱལ་སྲོང་བཙན་སྒམ་པོས་བཞེངས་ གནང་མཛད། རྗེས་ཀྱི་ལོ་ཟླའི་ནང་དུ་ཕོ་བྲང་ལ་ཉམས་རྒུད་ཆེན་པོ་བྱུང་ནས་ཆོས་རྒྱལ་སྒྲུབ་ ཕུག་དང་། འཕགས་པ་ལྷ་ཁང་ལས་ལྷག་མེད། ད་ལྟ་མཇལ་རྒྱུ་ཡོད་པའི་ཕོ་བྲང་པོ་ཏ་ལ་ནི་དུས་རབས་བཅུ་བདུན་པའི་ནང་བསྐྲུན་པ་ རེད། ད་ལྟ་ཕོ་བྲང་འདི་ཉིད་འཛམ་གླིང་ཐོག་ས་བབས་ཆེས་མཐོ་ཤོས་ཀྱི་ཕོ་བྲང་ཞིག་ཏུ་ གྱུར་ཡོད།