ཉེ་ཆར། ཡུན་ནན་གྱི་གོས་ཆེན་སྤྲིན་རིས་མ་འགྲེམས་སྟོན་ཁང་གི“དྲན་ཤེས་ནང་གི་དམངས་སྲོལ་རྙིང་པ། ཕུལ་དུ་བྱུང་བའི་ལག་ཤེས་རྙིང་པ”ཞེས་པའི་འབྲུ་གཟན་ཐུག་པའི་དུས་ཆེན་ལ་བསུ་བ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་ཚུགས་པ་རེད། འགྲེམས་སྟོན་ཁང་གིས་དམངས་ཁྲོད་སྒྱུ་རྩལ་པ་སྒྲིག་འཛུགས་ཀྱིས་ས་གནས་ས་ཐོག་ཏུ་ཅིན་ལིན་གྱི་སྨྱུག་བརྐོས་དང་། ཤོག་དྲས་འདྲ་གཟུགས། ཀྲུང་གོའི་བཀྲ་ཤིས་མཚོན་རྟགས། འཇིམ་བརྐོས་སོགས་སྲོལ་རྒྱུན་གྱི་ལག་ཤེས་འགྲེམས་སྟོན་བྱས་པ་མ་ཟད་ལྟ་སྐོར་བ་དང་ཡུལ་སྐོར་བ་ཚོར་རིན་མི་དགོས་པར་འབྲུ་གཟན་ཐུག་པ་འཐུང་དུ་བཅུག་ནས་སྲོལ་རྒྱུན་རིག་གནས་ཉམས་ལེན་ཐུབ་པ་བྱེད་ཀྱི་ཡོད་ཅིང་། འདི་ནི་ཟླ་1ཚེས་25ཉིན་ཀྲུང་གོའི་བཀྲ་ཤིས་མཚོན་རྟགས་བཟོ་མཁན་ཐང་ཧུང(དཀྱིལ)གིས་ཀྲུང་གོའི་བཀྲ་ཤིས་མཚོན་རྟགས་བཟོ་བའི་གནས་ཚུལ་ཡིན་པ།