
ཟླ་1ཚེས་24ཉིན། ཅི་ལིན་གྲོང་ཁྱེར་དུ་འདི་ལོའི་དགུན་ཁའི་སྨུག་འཁྱགས་ཀྱི་ཡུལ་ལྗོངས་མཛེས་ཤོས་མངོན་པ་དང་། སུང་ཅང་གཙང་འགྲམ་སོགས་ཀྱི་སྨུག་འཁྱགས་ཡུལ་ལྗོངས་ཁུལ་དེ་དངུལ་མདོག་ཅན་གྱི་གོས་དཀར་བཀླུབས་པ་ལྟར་ཤིན་ཏུ་མཛེས་པོ་ཡོད་པས་ཡུལ་སྐོར་བའི་ཡིད་དབང་འཕྲོག་ཅིང་། འདི་ནི་གོང་ཚེས་ཉིན་ཡུལ་སྐོར་བས་ཅི་ལིན་གྲོང་ཁྱེར་སྨུག་འཁྱགས་གླིང་གི་ཡུལ་ལྗོངས་ལ་རོལ་བའི་གནས་ཚུལ་ཡིན་པ།